From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཧཱུཾ་མཛད
|
Tibetan Definition
|
ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་ཏེ། རྩ་ཞལ་སྔོ། གཡས་སེར། གཡོན་ལྗང་བའི་ཞལ་གསུམ་གདངས་ཤིང་མཆེ་བ་གཙིགས་པ་ལྗགས་འདྲིལ་བ། ཞལ་རེ་རེ་ཞིང་སྨིན་མ་འཁྱོག་ཅིང་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བར་ཐོད་པ་ལྔས་བརྒྱན་ཅིང་ཁྲག་འཛག་པའི་མགོ་ཕྲེང་མགུལ་བ་ལ་འཕྱང་བ། མགོ་བོ་དང་བཅས་པའི་སྐ་རགས་ཅན་སྟག་ལྤགས་ཀྱི་ན་བཟའ་འཕྱང་བ། མཐའ་ཡས་ནག་པོས་བཅིངས་པའི་དབུ་སྐྲ་ཁམ་པ་གྱེན་དུ་འབར་བ་འཇོག་པོ་སོགས་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། ཕྱག་དྲུག་གི་དང་པོ་གཉིས་རྡོར་དྲིལ་འཛིན་པས་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ་མཐེའུ་ཆུང་གཉིས་སྦྲེལ་ཞིང༌། མཛུབ་མོ་གཉིས་བརྐྱངས་པའི་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱས་རང་འོད་ཀྱི་ཤེས་རབ་མ་དང་སྙོམས་པར་འཇུག་པ། གཡས་འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་དང༌། གཡོན་འོག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊཾྭཱ་ག་འཛིན་པ། གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་ཞབས་གཉིས་ཀྱིས་སྣ་ཚོགས་པད་མ་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མ་མནན་པ། རབ་ཏུ་ཁྲོས་པའི་བསྐལ་པའི་མེ་ལྟར་འོད་ཟེར་གྱི་ཕུང་པོ་འབར་བ་འགྲོ་བ་མ་ལུས་པའི་བགེགས་ཐམས་ཅད་ཟ་བ་ལྟ་བུ། ཧཱུྃ་གི་སྒྲ་དྲག་པོ་སྒྲོག་ཅིང་ཕྱོགས་སུ་ལྟ་བས་རང་གི་སྙིང་གའི་ཧཱུྃ་ལས་སྤྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཧཱུྃ་ལས་སྤྲོས་པའི་ཁྲོ་བོ་བཅུ་ལ་གཏད་དེ་དབང་དུ་འདུས་ཤིང་བཏུལ་བར་བྱེད་པ་ཞིག་གོ། ཞེས་རྗེའི་སྔགས་རིམ་ཆེན་མོ་ལས་གསུངས་པ་ལྟར་རོ། །བགེགས་བསྐྲད་ཀྱི་སྐབས་རང་ཧཱུྃ་མཛད་དུ་བསྐྱེད་པ་ཡང༌། ཧཱུྃ་མཛད་ཀྱི་སྔོན་དྲག་པོ་དབང་ཕྱུག་ལ་སོགས་པའི་མ་རུངས་པ་ཐམས་ཅད་བཏུལ་བར་གསུངས་པས། རྗེས་འཇུག་ལ་ཡང་དེའི་ང་རྒྱལ་བྱས་ནས་གདུགས་པ་ཅན་རྣམས་བཏུལ་ན་ཁྱད་པར་ཆེ་བར་རྗེའི་སྔགས་རིམ་ཆེན་མོར་གསུངས་སོ། །
|