From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཨ་ཕའི་སྐད
|
Tibetan Definition
|
པོ་ཏོ་བའི་དཔེ་ཆོས་རིན་ཆེན་སྤུངས་པར། ཨ་ཕའི་སྐད་དུ་ཁ་ཆེམས་རླུང༌། །ཞེས་པའི་ཨ་ཕའི་སྐད་ཅེས་པའི་ལོ་རྒྱུས་ནི། སྔོན་ཕྲུ་གུ་ཞིག་ནང་ལ་ཕ་རྒན་མེད་པར་གཅིག་པུར་བསྡད་དུས། རྐུན་མ་ཡོང་གིས་དོགས་ནས། ནང་གི་ཕ་ཡིན་པའི་ཟོལ་གྱིས་ཕའི་སྐད་དུ་བཅོས་ན། ཁྱིས་ཟའོ་ཞེས་སྐད་ཆེན་པོས་ཕའི་ལད་མོ་བྱས་པའི་ལོ་རྒྱུས་བཞིན་དུ། ང་ཚོས་ཀྱང་སྔོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་ལད་ཟློས་བྱས་ཏེ་དེ་དག་གསུང་དུ་བརྫུས་ནས་ཆོས་བཤད་པས། གདུལ་བྱ་རྣམས་ཉན་པར་མི་སྤྲོ་བ་ཡིན་འདུག་ཅེས་ཡི་ཐད་ཆད་པས་ཚིག་ཅིག
|