From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཨ་བ་དྷཱུ་ཏཱི
|
Tibetan Definition
|
(ལེགས་སྦྱར) 1 རྩ་དབུ་མའི་མིང༌། ཀུན་སྤངས་མ། ཀུན་འདར་མ། ཕྲ་མོའི་གཟུགས། སུ་མ་ན། ནང་གི་ཤིང་གཅིག ཚངས་པའི་དབྱུགས་པ་རྣམས་མིང་གི་རྣམ་གྲངས་ཡིན། ངེས་ཚིག་ནི། ཨ་བ་དྷཱུ་ཏཱི་སྟེ། ཨ་བ་ནི་རྣམ་རྟོག་གི་སྡིག་གོ། དྷཱུ་ནོ་ཏཱི་ནི་སྡིག་པ་དེ་བསྐྱོད་པའམ་སེལ་བར་བྱེད་པ་མེ་འབར་བ་ཅན་ཡིན་ལ། མེ་དེའི་བདག་པོ་རྩ་ལ་ཡང་ཨ་བ་དྷཱུ་ཏཱི་ཞེས་བརྗོད་དོ། །ཞེས་རྗེའི་སྦས་དོན་ཀུན་གསལ་ན་གསལ་བ་ལྟར་རོ། །2 གཉིས་མེད་ཅེས་པའི་དོན། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བརྡ་གསར་རྙིང་ལས་བཤད། རྒྱས་པར་ཨ་བ་དྷཱུ་ཏཱི་པ་ཞེས་པའི་ཐད་དུ་གཟིགས།
|