From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཨ་མ་ན་སའི་ཆོས་སྐོར
|
Tibetan Definition
|
གསང་བ་གྲུབ་པ། ཐབས་ཤེས་གྲུབ་པ། ཡེ་ཤེས་གྲུབ་པ། གཉིས་མེད་གྲུབ་པ། གསང་ཆེན་དེ་ཁོ་ན་ཉིད་ཀྱི་མན་ངག དེ་ཁོ་ན་ཉིད་གྲུབ་པ། ལྷན་སྐྱེས་གྲུབ་པ་སྟེ་བདུན་ལ་གྲུབ་པ་སྡེ་བདུན་ཞེས་བྱ་ལ། དོ་ཧ་མཛོད། ཕྱག་རྒྱ་བཞི་གཏན་ལ་དབབ་པ། ཤེས་རབ་ཡེ་ཤེས་གསལ་བ། གནས་པ་བསྡུས་པ། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག སེམས་ཀྱི་སྒྲིབ་སྦྱོང་སྟེ་དྲུག་ལ་སྙིང་པོ་སྐོར་དྲུག་ཅེས་གྲགས་སོ། །ལྟ་བ་ངན་སེལ། དབུ་མ་དྲུག་པ། ལྟ་བ་ངན་སེལ་གྱི་དྲན་པ། ལྷན་སྐྱེས་གྲུབ་པ། རྨི་ལམ་ངེས་བསྟན། སྒྱུ་མ་ངེས་བསྟན། རབ་ཏུ་མི་གནས་པ་གསལ་བར་བསྟན་པ། དེ་ཁོ་ན་ཉིད་བཅུ་པ་སོགས་ཆོས་ཆུང་ཉི་ཤུ་རྩ་དྲུག་ཨ་མ་ན་སའི་ཆོས་སྐོར་ཞེས་བྱའོ། །བོད་སྔ་རབས་པའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་ནི་གཞུང་དེ་དག་གི་ཚིག་ཟིན་ལ་བརྟེན་པ་ཡིན་ནོ། །ཞེས་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་ན་གསལ།
|