12

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:39, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་བརྒྱ་དང་གསུམ་མཆིས་པ་སྟེ།

1.བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་ཅིང་བག་ཡོད་པ་སྟེ། འདི་ནི། ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་གོ ། 2.བྱ་བར་འཇུག་པ་ལ་ཞུགས་ཤིང་རྣམ་པར་སྨིན་པ་ཡིད་ཆེས་པའོ། ། 3. བསྟན་པའི་ཆོས་དང་མི་འགལ་བ་ཡང་དག་པའི་ལྟ་བའོ། ། 4. དེ་སྡུག་པ་དང་མི་སྡུག་པ་བསལ་ཏེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ། ། 5. ཐམས་ཅད་བསྐྱབ་པ་དང་ལྡན་པའི་བྱམས་པ་ཆེན་པོའོ། ། 6.བདག་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཆེན་པོའོ། ། 7.སངས་རྒྱས་ཀྱི་སྐུ་འདོད་པའི་སངས་རྒྱས་རྗེས་སུ་དྲན་པའོ། ། 8. ཆོས་སྒྲུབ་པའི་སྙིང་པོ་བྱེད་པའི་ཆོས་རྗེས་སུ་དྲན་པའོ། ། 9.ཕྱིར་མི་ལྡོག་པའི་དགེ་འདུན་དང་ལྡན་པའི་དགེ་འདུན་རྗེས་སུ་དྲན་པའོ། ། 10.ཉོན་མོངས་པ་ཐམས་ཅད་བསལ་བའི་གཏོང་བ་རྗེས་སུ་དྲན་པའོ། ། 11. བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་ཚུལ་ཁྲིམས་རྗེས་སུ་དྲན་པའོ། ། 12. རྣམ་པར་དག་པའི་ཆོས་དང་ལྡན་པའི་ལྷ་རྗེས་སུ་དྲན་པའོ། ། 13. ཕན་པ་དང་བདེ་བ་དང་ལྡན་པའི་ཕན་པར་འདོད་པའོ། ། 14.བསམ་པ་བརྟན་པར་གྱུར་ཅིང་མོས་པ་དྲག་པོའོ། ། 15.སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་མཆོག་ཏུ་དགའ་བའོ། ། 16. ཆོས་ཟབ་མོ་ལ་ངེས་པར་འབྱུང་བའི་དམ་པའི་ཆོས་ཡོངས་སུ་ཚོལ་པའོ། ། 17.ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པའོ། ། 18.ཆོས་མཉན་པའི་ཕྱིར་ལྷགས་པ་རྣམས་ལ་ནད་པར་འདུ་ཤེས་པའོ། ། 19. ཆོས་ལ་སྨན་དུ་འདུ་ཤེས་པའོ། ། 20. བདག་ལ་སྨན་པར་འདུ་ཤེས་པའོ། ། 21.དམ་པའི་ཆོས་ཡུན་རིང་དུ་གནས་པའི་ཕྱིར་ཀུན་ཏུ་སྲུང་བའོ། 22.དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པའོ། ། 23.མི་བརྐམ་ཞིང་ངན་ངོན་གྱིས་ཆོག་ཤེས་པའོ། ། 24.བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ཞུམ་པ་མེད་པའོ། ། 25.རང་གི་ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་འཆལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། ། 26.ཉེས་པར་བྱེད་པ་ལ་ཤར་མི་གཉེར་བའི་བཟོད་པའོ། ། 27.ལེགས་པ་བྱས་པ་ལ་ལན་གླན་པའི་བློའོ། ། 28.བྱས་པ་མི་གཟོ་བ་ལ་སྙིང་རྗེའི་བློའོ། ། 29.བྱས་པ་གཟོ་བ་རྣམས་ལ་རིམ་གྲོ་བྱ་བའི་བློའོ། ། 30.མི་ཤེས་པ་རྣམས་ལ་ང་རྒྱལ་མེད་པའོ། ། 31.ཤེས་པ་རྣམས་ཀྱི་རྗེས་སུ་སློབ་པའོ། ། 32.དགེ་བའི་རྩ་བ་ལ་ལྷག་པའི་བསམ་པའི་སེམས་མི་འདོར་བའོ། ། 33.མི་དགེ་བའི་སེམས་ཀྱི་རྗེས་སུ་མི་འཇུག་པའོ། ། 34.ཚུལ་འཆོས་པ་མེད་ཅིང་ཁ་གསག་མེད་པས་སྡོམ་པ་གསུམ་ཡོངས་སུ་དག་པའོ། ། 35.ཆོས་སྨྲ་བ་རྣམས་ལ་སྟོན་པ་དང་བླ་མ་ལྟར་ཕངས་པར་རིམ་གྲོ་བྱེད་པའོ། ། 36.འཇིག་རྟེན་རྒྱང་འཕེན་པ་དང་མ་འདྲེས་པ་ལེགས་པར་ཐོས་པའི་ཆོས་ཉན་པའོ། ། 37.དགེ་བའི་རྩ་བ་ཡོངས་སུ་སྦྱང་བ་ཡོངས་སུ་དག་ནས་འཁོར་བ་ན་ཡོངས་སུ་མི་སྐྱོ་བའོ། ། 38.དེ་བཞིན་གཤེགས་པ་བཞུགས་པ་རྣམས་སམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་བྱེད་པས་མི་ངོམས་པའོ། ། 39.སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པར་བཤེས་གཉེན་བྱེད་པའོ། ། 40.དངོས་པོ་ཐམས་ཅད་ལ་མི་གནས་ཤིང་ཡོངས་སུ་མི་འཛིན་མི་ཆགས་པའོ། ། 41.ཁྱིམ་ན་གནས་པའི་སྐྱོན་རིག་ནས་རྟག་པར་རྒྱུན་དུ་རབ་ཏུ་འབྱུང་བ་ལ་གཞོལ་བའོ། ། 42.སྐྱེས་བུ་དམ་པའི་ལས་རྣམས་ལ་ཞུགས་པའོ། ། 43.ངེས་པར་བྱས་པ་ལ་ཞུགས་པའི་བྱང་ཆུབ་ཀྱི་ལམ་གྱི་ཚོགས་གསོག་པའོ། ། 44.ཐེག་པ་མཚུངས་པར་ཡང་དག་པར་ཞུགས་པ་རྣམས་ལ་ཞེ་མི་སྡང་བའོ། ། 45.བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་གཞུག་པ་ལ་ཡོངས་སུ་མི་སྐྱོ་བའོ། ། 46.གསང་བའི་སྔགས་རྣམས་ཀུན་ཏུ་སྲུང་བས་རྣམ་པར་འཕྲོས་པར་མི་བྱེད་པའོ། ། 47.ཆོས་དང་བཟོ་ཡོངས་སུ་བཙལ་བ་ཤེས་པའོ། ། 48.བདེན་པའི་ངག་ལ་རབ་ཏུ་གནས་པས་ཆོས་མཐོང་བའོ། ། 49.ཁ་འོག་ཏུ་ལུས་འཁྲུས་པར་བྱེད་པའོ། ། 50.འགྱོད་པ་མེད་པའི་སེམས་ཀྱིས་སྦྱིན་པ་འགྱེད་པའོ། ། 51.བདུད་ཀྱི་ལས་རྣམས་རྟོགས་ནས་ཡོངས་སུ་སྤོང་བའོ། ། 52.ང་རྒྱལ་དང་བྲལ་བའི་ཡེ་ཤེས་ཀྱི་ལས་སོ། ། 53.ཤེས་ཀྱི་ཁེ་བྲལ་བར་དགོན་པ་ན་གནས་པའོ། ། 54.ལྷག་པའི་ང་རྒྱལ་དང་བྲལ་ཞིང་བདག་ལ་མི་བསྟོད། གཞན་ལ་མི་སྨོད་པའོ། ། 55.ཉོན་མོངས་པ་དང་བྲལ་ཞིང་འཇིག་རྟེན་གྱི་རྗེས་སུ་མཐུན་པའོ། ། 56.འཚོ་བ་ཡོངས་སུ་དག་སྟེ་དབེན་པ་ལ་དགའ་བའོ། ། 57.ཚུལ་བཞིན་ལ་བརྩོན་པས་ནང་དུ་ཡང་དག་འཇོག་པའོ། ། 58.མང་དུ་ཐོས་ནས་སེམས་ངེས་པར་སེམས་པའོ། ། 59.ཡང་དག་པར་རབ་ཏུ་བརྩོན་པའི་རྣལ་འབྱོར་སྤྱོད་པའི་སའོ། ། 60.སྟོང་པ་ཉིད་ཀྱི་སྤྱོད་ཡུལ་གྱི་ཆོས་ལ་སོ་སོར་རྟོག་པའོ། ། 61.རྙེད་པ་དང་། མ་རྙེད་པས་ཁེངས་པ་མེད་ཅིང་གདུང་བ་མེད་པའོ། ། 62.འདུ་འཛིས་འཇིགས་ཤིང་སྐྲག་ནས་གཅིག་པུར་དགའ་བའོ། ། 63.ཆོས་ཀྱིས་རྙེད་པ་གཞན་དག་དང་ཀུན་ཏུ་འགེད་པའོ། ། 64.འཕགས་པའི་བདེན་པ་ཤེས་པ་ལ་མཁས་པའོ། ། 65.ཤེས་པ་ཐམས་ཅད་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའོ། ། 66.མ་བསླབ་པ་རྣམས་བསླབ་པ་ལ་སྦྱོར་ཞིང་མི་བརྙས་པའོ། ། 67.རྙེད་པ་དང་མ་རྙེད་པ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཤིང་ཡོངས་སུ་གདུང་བ་མེད་པའོ། ། 68.གུས་པར་བྱས་ཏེ་ཆོས་ཉན་པ་རྣམས་ལ་ཆོས་སྟོན་པའོ། ། 69.སྡུག་པ་རྣམས་ལ་རྗེས་སུ་ཆགས་པ་སྤངས་ནས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ། ། 70.ཆོས་སྨྲ་བ་རྣམས་ལ་གཡོ་བ་མེད་པར་ལེགས་སོ། ། ཞེས་བྱ་བ་སྦྱིན་པའོ། ། 71.ཅང་ཤེས་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའོ། ། 72.ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་ཡོངས་སུ་ཚོལ་བའོ། ། 73.བྱང་ཆུབ་ཀྱི་ལམ་གྱི་ཚོགས་གསོག་པའི་བརྩོན་འགྲུས་སོ། ། 74.དད་པའི་རྩ་བ་བརྟན་ཞིང་མི་གཡོ་བའོ། ། 75.ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཡོངས་སུ་སྤྱོད་པའོ། ། 76.ནོར་བདུན་ཡང་དག་པར་འདུ་བས་དབུལ་བ་མེད་པའོ། ། 77.སྙིང་པོ་བླངས་པའི་སྲོག་གི་དབང་པོའོ། ། 78.ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། ། 79.ཆོས་ཀྱི་མཆོད༌སྦྱིན་སྦྱིན་པས་བསྡུ་བའི་དངོས་པོའོ། ། 80.རྩོད་པ་མེད་ལ་ལྷུར་ལེན་པའི་ཆོས་ཀྱི་གཏམ་མོ། ། 81.ཀླན་ཀ་མི་ཚོལ་བའི་སེམས་ཀྱིས་ཆོས་མཉན་པའོ། ། 82.དགེ་སྦྱོང་གི་དྲི་མ་དང་བྲལ་བའི་དགེ་སྦྱོང་ཉིད་དོ། ། 83.འདྲེ་བ་མེད་པར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་འཇུག་པའོ། ། ། 84.རང་གི་འཁྲུལ་པ་ལ་སོ་སོར་རྟོག་པས་སེམས་ཅན་ཐམས་ཅད་ཀུན་ཏུ་སྲུང་བའོ། ། 85.འཇིག་རྟེན་གྱི་སྣ་ཚོགས་ལ་བཏང་སྙོམས་སུ་བྱེད་པའོ། ། 86.དགེ་བའི་བཤེས་གཉེན་རྣམས་ལ་མི་སླུ་བའོ། ། 87.རང་གི་སེམས་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་དག་པར་ཤེས་པའོ། ། 88.བཅོས་མ་མ་ཡིན་པས་བསམ་པ་དག་པའོ། ། 89.ཁྱད་པར་དུ་འགྲོ་བས་ལྷག་པའི་བསམ་པ་དག་པའོ། ། 90.ལེགས་པར་བྱེད་པའི་ལས་བྱེད་པས་སྦྱོར་བ་དག་པའོ། ། 91.བསོད་ནམས་ཡོངས་སུ་དག་པས་མཚན་ཡོངས་སུ་དག་པའོ། ། 92.ཤེས་པ་ཡོངས་སུ་དག་པས་ཉོན་མོངས་པ་ཡོངས་སུ་དག་པའོ། ། 93.སེམས་ཅན་ཡོངས་སུ་དག་པས་ཞིང་ཡོངས་སུ་དག་པའོ། ། 94.མཚན་མ་མེད་པ་ལ་སོ་སོར་བརྟགས་ཏེ་ཡོངས་སུ་བསྔོ་བ་ལ་མཁས་པའོ། ། 95.རྗེས་སུ་མཐུན་པའི་ཆོས་ཀྱི་བཟོད་པའོ། ། 96.རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་བསྒོམས་ནས་ངེས་པར་གྱུར་པ་ལ་སོ་སོར་རྟོག་པའོ། ། 97.གནས་མེད་པ་ལ་གནས་པས་གནས་བརྟན་པའོ། ། 98.མངོན་པར་ཤེས་པས་རྣམ་པར་རྩེན་ཞིང་ཟག་པ་ཟད་པ་ཤེས་པ་ལ་འཇུག་པའོ། ། 99.ཞི་གནས་དང་། ལྷག་མཐོང་གིས་ཡོངས་སུ་སྦྱངས་པ་བྱས་པའི་རིག་པ་དང་། རྣམ་པར་གྲོལ་བའོ། ། 100.ཐབས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་སྒོམ་པའོ། ། 101.ཁམས་གསུམ་གྱི་སྙིང་པོ་ཐོབ་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ནོ། ། 102.ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་ཁོང་དུ་ཆུད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ། ། 103.ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་དང་མ་བྱུང་བར་རིག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་སྟེ། འདི་ནི། ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་གོ ། ཆོས་དེ་དག་ནི། ཐེག་པ་ཆེན་པོ་སྡུད་པར་འགྱུར་བ་དང་། འཛིན་པ་དང་། གནས་པ་ཐམས་ཅད་འདོར་བར་འགྱུར་བ་དག་གོ། །

Tibetan Source 《མདོ་ན་པ་》ཤ་91ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number