195

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:39, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཀྱི་རྒྱུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་ལྟར་ན་ཁག་བརྒྱད་ཡོད་པ་སྟེ།

ཁག་དང་པོ། 1.ཚིག་འབྲུ་ལེགས་པར་བྱེ་བ་ཉིད། 2.ལེགས་པར་རབ་ཏུ་རྟོགས་པ་ཉིད་དོ། ། ཁག་གཉིས་པ། རྒྱུ་གཉིས་ཀྱིས་ཚིག་འབྲུའི་དོན་ལེགས་པར་རྟོགས་པ་ཡིན་ཏེ། 1.ལེགས་པར་མངོན་པར་རྫོགས་པ་རྟོགས་པ་ཉིད། 2. ངེས་པར་འབྱིན་པ་མངོན་པར་རྫོགས་པར་རྟོགས་པ་ཉིད་དོ། ། ཁག་གསུམ་པ། རྒྱུ་གཉིས་ཀྱིས་ངེས་པར་འབྱིན་པ་ཡིན་ཏེ། 1.བདེ་འགྲོར་འགྲོ་བས་ངེས་པར་འབྱིན་པ་ཉིད། 2.རྫོགས་པའི་བྱང་ཆུབ་ཏུ་འགྲོ་བས་ངེས་པར་འབྱིན་པ་ཉིད་དོ། ། ཁག་བཞི་པ། རྒྱུ་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་ཡིན་ཏེ། 1.སོམ་ཉི་མེད་པ། 2.མི་ཕྱེད་པའོ། ། ཁག་ལྔ་པ། རྒྱུ་གཉིས་ཀྱིས་མི་ཕྱེད་པ་ཡིན་ཏེ། 1.ལྟ་བ་མི་ཕྱེད་པ། 2.འདུས་པ་དང་ལྡན་པའོ། ། ཁག་དྲུག་པ། རྒྱུ་གཉིས་ཀྱིས་འདུས་པ་དང་ལྡན་པ་ཡིན་ཏེ། 1.རྟོགས་པ་བརྟན་པ། 2.རྟོན་པ་ཡོད་པའོ། ། ཁག་བདུན་པ། རྒྱུ་གཉིས་ཀྱིས་རྟོན་པ་ཡོད་པ་ཡིན་ཏེ། 1.ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ། 2.རྟོན་པ་དེ་བཞིན་གཤེགས་པ་དག་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པའོ། ། ཁག་བརྒྱད་པ། རྒྱུ་གཉིས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། 1.སོམ་ཉི་ཐམས་ཅད་གཅོད་པ། 2.ལོག་པར་བསྒྲུབ་པ་མི་དམིགས་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་268ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number