208

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:39, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཆོས་མངོན་པ་མདོར་བསྡུས་ན་རྣམ་པ་གཉིས།
Tibetan Alternate
Tibetan Definition དེ་ཡང་། ཕུང་པོ་ལྔའི་རྣམ་པར་འགྲེལ་པ་ལས་བྱུང་བ་སྟེ།

1.ཐ་སྙད་པ་ནི། ཤེས་རབ་དང་མཚུངས་པར་ལྡན་པ་དང་བཅས་པ་སྟེ། ཐོས་པ་དང་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། སྐྱེ་བས་ཐོབ་པ་དང་། བསྟན་བཅོས་ཏེ། དེ་ལྟར་འདི་ནི་རྒྱས་པར་བྱ་ན་རྣམ་པ་དྲུག་གི་བདག་ཉིད་ལ་ཆོས་མངོན་པ་ཞེས་བསྟན་པ་ཡིན་ནོ། ། 2.དོན་དམ་པ་ནི། ཟག་པ་མེད་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་སི་པ་》ཤ་2ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number