1196

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:40, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan འཇིག་པའི་བསྐལ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.མཚོན་གྱིས་འཇིག་པ་ནི། དེ་ལ་ལྕུག་མ་ལ་སོགས་པ་རྣམས་མཚོན་ཆར་འགྱུར་རོ། ། དེས་སེམས་ཅན་རྣམས་ཕན་ཚུན་གསོད་པར་བྱེད་པ་ནི་མཚོན་གྱིས་འཇིག་པ་སྟེ། མཚོན་གྱིས་སྲོག་གཅོད་པ་ནི་ཉི་མ་བདུན་འབྱུང་བར་འགྱུར་རོ། ། 2.ནད་ཀྱིས་འཇིག་པ་ནི། ཡང་སྐྱོན་དེ་ཉིད་ཀྱིས་མི་མ་ཡིན་རྣམས་ཀྱིས་འཚེ་བ་གཏོང་བར་བྱེད་དོ། ། གང་ལས་སེམས་ཅན་རྣམས་ནད་ཀྱིས་འཆི་བར་བྱེད་དོ། ། འདི་ནི་ནད་ཀྱི་འཇིག་པ་སྟེ། ཟླ་བ་བདུན་དང་ཞག་བདུན་འབྱུང་བར་འགྱུར་རོ། ། 3.མུ་གེས་འཇིག་པ་ནི། ཡང་སྐྱོན་དེ་ཉིད་ཀྱིས་ཆར་མི་འབབ་པས་མུ་གེ་འབྱུང་སྟེ། དེ་ཡང་མི་རྣམས་བཀྲེས་པ་དང་སྐོམ་པ་ཉམས་ཆུང་བས་འཚིགས་ནས་འཆི་བར་འགྱུར་རོ། ། གཞན་དག་ནི་རུས་པ་དཀར་པོ་བསྐོལ་ནས་འཐུང་བར་བྱེད་དོ། ། གཞན་དག་ནི་ཁྱིམ་གྱི་ཟང་ཟིང་རྣམ་པར་བགོས་ཏེ། ཐུར་མ་ཉེ་བར་སྟོན་པས་དེ་རིང་ནི་ཁྱིམ་བདག་ཕོའི་བཟའ་བ་བྱ་ཞིང་སང་ནི་ཁྱིམ་བདག་མོའི་ཞེས་བྱ་བ་ལ་སོགས་པའོ། ། གཞན་དག་སོ་བའི་གནས་ཀྱི་མཚམས་བུ་ག་ནས་ཐུར་མས་སོ་བའི་འབྲས་བུ་ཕྱུང་ནས་ཆུ་མང་པོ་བསྐོལ་བ་འཐུང་བར་བྱེད་པ་ནི་མུ་གེས་འཇིག་པ་སྟེ། ལོ་བདུན་ཟླ་བ་བདུན་དང་ཉི་མ་བདུན་འབྱུང་བར་འགྱུར་རོ། །

Tibetan Source 《བསྟན་འགྱུར་དབུ་མ་ཧ་པ་》ཤ་125བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number