1213
Jump to navigation
Jump to search
Tibetan | བརྗེད་ངས་པ་རྣམ་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ།
1.རང་བཞིན་ནི། ད་ལྟར་བྱུང་བའི་དུས་ན་ནི་ཀུན་ནས་དཀྲིས་པས་བརྗེད་ངས་ལ། ཚེ་ཕྱི་མ་ལ་ནི་བག་ལ་ཉལ་གྱིས་བརྗེད་ངས་པའི་ཆོས་ཅན་དུ་འགྱུར་བའོ། ། 2.རྒྱུ་ནི། དེ་ལ་བརྗེད་ངས་པའི་རྒྱུ་ནི་ཚོར་བ་རྣམ་པར་གཞག་པར་རྣམ་པ་ལྔ་ལ་མི་རྟག་པ་ལ་སོགས་པར་ཁོང་དུ་མ་ཆུད་པ་དང་། ལུས་ཐམས་ཅད་ཀྱི་ཐོག་མ་དང་། བར་དང་ཐ་མར་ཡོངས་སུ་ཉོན་མོངས་པའི་སྒོ་ནས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་ཅན་ཡིན་པར་ཁོང་དུ་མ་ཆུད་པ་སྟེ། དེ་ལ་དང་པོར་ནི་སྐྱེ་བས་ཡོངས་སུ་ཉོན་མོངས་སོ། ། བར་དུ་ནི་ན་བས་ཡོངས་སུ་ཉོན་མོངས་སོ། ། ཐ་མར་ནི་རྒ་བ་དང་། འཆི་བ་གཉིས་ཀྱིས་ཡོངས་སུ་ཉོན་མོངས་སོ། ། 3.འབྲས་བུ་ནི། དེ་ལ་བརྗེད་ངས་པའི་འབྲས་བུ་ནི་མྱ་ངན་ལ་སོགས་པའི་སྡུག་བསྔལ་དང་། སྲེད་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་190བ་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |