1286
Jump to navigation
Jump to search
| Tibetan | གཏོང་བའི་ཁྱད་པར་གསུམ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་སྐྱེ་བོ་རྣམས་ནི་ཕྱུག་ཅིང་བདོག་ན་མི་གཅེས་པ་ལས་བུ་དང་གཉེན་རྩ་ཙམ་ཉི་ཚེ་ལ་གཏོང་གི མི་བདོག་གམ་ཡང་ན་བདོག་ཀྱང་གཅེས་པ་དག་གཞན་ལ་མི་སྟེར་གྱི། འཕགས་པ་དག་ནི་གཅེས་པ་ཡང་མི་ཕངས་པར་སེམས་ཅན་ཐམས་ཅད་ལ་གཏོང་ལ་མི་བདོག་ན་ལུས་དང་སྲོག་ཀྱང་གཏོང་བས་ན།
1.འཕྲལ་གྱི་བཟའ་བ་དང་། བཏུང་བ་དང་། ཡུན་གྱི་ཟོང་གསེར་དངུལ་དང་། གོས་ཟས་དག་སྦྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། ། 2.བུ་དང་ཆུང་མ་དང་བྲན་དང་འཁོར་དང་ལས་ཐབས་རྒྱལ་སྲིད་མན་ཆད་གཏོང་བ་ནི་བུ་སྨད་ཀྱི་སྦྱིན་པའོ། ། 3.མགོ་དང་རྐང་ལག་དང་། ཤ་ཁྲག་དང་ལུས་ཀྱི་སྲོག་མན་ཆད་གཏོང་བ་ནི་སྲོག་དང་ལུས་སྦྱིན་པའོ། ། |
| Tibetan Source | 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |