1463

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:41, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan མདོ་སྔགས་གཉིས་ཀྱི་བགྲོད་བྱ་ལམ་གྱི་ཁྱད་པར་གསུམ།
Tibetan Alternate
Tibetan Definition 1.ཐབས་ཤིན་ཏུ་མང་བ་ནི། བྱང་ཆུབ་ཀྱི་སེམས་དང་ཕྱིན་དྲུག་སོགས་ཕར་ཕྱིན་ཐེག་པར་གང་བཤད་པའི་ཐབས་ཀྱི་རིམ་པ་རྣམས་མི་སྤང་བའི་སྟེང་དུ། དེ་རྣམས་ལས་ཆེས་མང་ཞིང་ཟབ་པ་རྒྱུད་སྡེ་བཞི་དང་འབྲེལ་བའི་ཐབས་ལྷའི་རྣལ་འབྱོར་མཐའ་ཡས་པའི་བསྙེན་པ་དང་། སྒྲུབ་པ་དང་། ལས་སྦྱོར་དང་། མ་འགྲུབ་ན་སྤོགས་ཆོག་དང་། གྲུབ་པ་བོགས་འབྱིན་གྱི་སྒོ་ནས་དངོས་གྲུབ་བསམ་གྱིས་མི་ཁྱབ་པའི་སྒྲུབ་ཚུལ་གསུངས་པ་ལ་སོགས་པའོ། །

2.ཐབས་ལ་མ་རྨོངས་པ་ནི། ཐབས་དེ་དག་ཀྱང་མི་གསལ་བ་མ་ཡིན་པར་གནས་གང་དུ་བསྙེན་པ་དང་། གང་ཟག་གང་གིས་བསྙེན་པ་དང་། བཟླས་པ་དང་། གཏོར་མ་དང་། སྦྱིན་སྲེག་ལ་སོགས་པ་ཞིབ་མོར་ཕྱེ་སྟེ་ཤིན་ཏུ་གསལ་བར་བཤད་པའི་ཕྱིར་རོ། ། 3.ཐབས་དཀའ་བ་མེད་པ་ནི། མདོ་ལས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པས་འགྲུབ་པ་འདིར་ཚེ་གཅིག་ལ་སོགས་པས་འགྲུབ་པའི་ཕྱིར་རོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་དེབ་བར་ཆ》ཤ་567.20ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number