1529
Tibetan | སྡོམ་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་ཁག་གཅིག་སྟེ།
1.དགེ་སློང་གི་སྡོམ་པ་ནི། བཅོམ་ལྡན་འདས་ཀྱིས་འདུལ་བ་ནི་གང་དག་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་དང་། འདོད་པ་ལས་དབེན་པར་སྤྱོད་པ་དག་ཀྱང་ཡོད། གང་དག་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་ལ། འདོད་པ་ལས་དབེན་པར་མི་སྤྱོད་པ་དག་ཀྱང་ཡོད། གང་དག་ཉེས་པར་སྤྱོད་པ་ལས་དབེན་པར་ཡང་མི་སྤྱོད་ལ་འདོད་པ་ལས་དབེན་པར་མི་སྤྱོད་པ་དག་ཀྱང་ཡོད་དེ། དེ་ལ་འདུལ་བའི་རྣམ་པ་དང་པོའི་དབང་དུ་མཛད་ནས་ནི་དགེ་སློང་གི་སྡོམ་པ་རྣམ་པར་གཞག་གོ། ། 2.དགེ་བསྙེན་གྱི་སྡོམ་པ་ནི། འདུལ་བ་གཉིས་པའི་དབང་དུ་མཛད་ནས་ནི་དགེ་བསྙེན་གྱི་སྡོམ་པ་རྣམ་པར་གཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་གྱི་གནས་གནོད་པ་དང་། ཉོན་མོངས་པའི་གནས་ན་གནས་པས་ནི་བསླབ་པའི་གཞིའི་ཚོགས་གཅིག་ཏུ་ལུ་གུ་རྒྱུད་ལྟར་འབྲེལ་པ་ཡོངས་སུ་རྫོགས་པ་བསྲུང་བར་མི་ནུས་པའི་ཕྱིར་རོ། ། 3.བསྙེན་གནས་ཀྱི་སྡོམ་པ་ནི། འདུལ་བའི་རྣམ་པ་གསུམ་པའི་དབང་དུ་མཛད་ནས་ནི། བསྙེན་གནས་ཀྱི་སྡོམ་པ་རྣམ་པར་གཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་གཉི་ག་ལས་དབེན་པར་སྤྱོད་པ་མ་ཡིན་ཏེ། དེ་གཉིས་ཀྱི་རྒྱུ་ཡོངས་སུ་བསྲུང་བ་ཙམ་ཡང་དག་པར་བླངས་ཤིང་། བདག་ནི་ཁུར་ཤིན་ཏུ་ལྕི་བས་ནོན་པ་ཡིན་ནོ་སྙམ་དུ་མི་སེམས་པའི་ཕྱིར་རོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་31བ་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |