1644

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:41, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan སྤྲུལ་སྐུ་གསུམ།
Tibetan Alternate
Tibetan Definition འདི་ལ་ཁག་བཞི་ཡོད་པ་སྟེ།

སྤྲུལ་སྐུ་མཛད་པ་དང་བཅས་པ་ཡིན་པས། དང་པོ་སྤྲུལ་སྐུ་ནི། ངེས་པ་ལྔ་དང་མི་ལྡན་པས་རབ་ཏུ་ཕྱེ་བའི་གཟུགས་སྐུ་མཐར་ཐུག་སྤྲུལ་སྐུའི་མཚན་ཉིད། དེ་ལ་དབྱེ་བ་གང་ཞེ་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་ལ་མཚོན་ན། ཁག་དང་པོ། 1.བཟོ་བོ་སྤྲུལ་སྐུ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ། པི་ཝང་མཁན་གྱི་གཟུགས་སུ་སྤྲུལ་བ་ལྟ་བུ། 2.སྐྱེ་བ་སྤྲུལ་སྐུ་ནི། ལྷ་ཡི་བུ་དམ་པ་ཏོག་དཀར་ལྟ་བུ། 3.མཆོག་གི་སྤྲུལ་སྐུ་ནི། ཤཱཀྱ་ཐུབ་པ་ལྟ་བུའོ། ། མ་བྱོན་སངས་རྒྱས་བྱམས་པ་ལ་སྦྱར་ན། ཁག་གཉིས་པ། 1.བཟོ་བོ་སྤྲུལ་སྐུ་ནི། དགེ་བཅུའི་ལམ་ལ་འགོད་ཕྱིར་ཚེ་ལོ་བཅུ་པའི་དུས་ཀྱི་རྗེ་བཙུན་བྱམས་པ་ལྟ་བུའོ། ། 2.སྐྱེ་བ་སྤྲུལ་སྐུ་ནི། རྒྱན་རྩོམ་པ་པོའི་རྗེ་བཙུན་བྱམས་མགོན་དང་ཡབ་ཚངས་རབ་ཀྱི་སྲས་རྒྱལ་བུ་གཞོན་ནུ་སྐེ་རགས་ཅན་ལྟ་བུའོ། ། 3.མཆོག་གི་སྤྲུལ་སྐུ་ནི། མ་འོངས་པ་ན་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་ཚེ། རྒྱ་གར་གྱི་གྲོང་ཁྱེར་ཏོག་གི་བློ་གྲོས་ཞེས་བྱ་བ་ནི། དུང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བློན་པོ་མདུན་ན་འདོན་བྲམ་ཟེ་ཚངས་རབ་ཅེས་བྱ་བ་ཡབ་དང་། ཡུམ་བཙུན་མོ་ཚངས་ལྡན་མའི་སྲས་གཞོན་ནུ་སྐེ་རགས་ཅན་དུ་སྐྱེ་བ་བཞེས་ཏེ། མི་ལོ་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་གི་བར་དུ་བཙུན་མོ་ཟླ་བའི་གདོང་བཅས་རྒྱལ་སྲིད་བཟུང་སྟེ། སྲས་རྒྱལ་བུ་བསོད་ནམས་སྟོབས་འཁྲུངས་ཤིང་། རྨི་ལམ་ན་སངས་རྒྱས་ཀྱི་མཚན་དཔེ་སྤྲས་པ་ཞིག་གཟིགས་པས་རྐྱེན་བྱས་ཏེ་རབ་ཏུ་བྱུང་བའི་སངས་རྒྱས་བྱམས་པ་ཞེས་བྱ་བ་མི་ལོ་ཁྲི་ཕྲག་དྲུག་དང་སྟོང་ཕྲག་གསུམ་གྱི་བར་དུ་ཆོས་འཁོར་སྐོར་བ་པོ་ནི་མཆོག་གི་སྤྲུལ་སྐུའོ། ། གཞན་ཡང་སྐྱེ་བ་སྤྲུལ་སྐུ་ལ་བྱ། རི་དྭགས། ཆུ། ཟམ་པ། ལྗོན་ཤིང་གི་རྣམ་པ་ཅན་སོགས་དུ་མ་ཡོད། རྣམ་སྨིན་གྱི་འབྲས་བུ་ཡིན་ན། སངས་རྒྱས་འཕགས་པའི་རྒྱུད་ལ་མེད་པས་ཁྱབ་ཅིང་དེ་ཡིན་ན་སྡུག་བདེན་ཡིན་དགོས་ཀྱང་། མཆོག་གི་སྤྲུལ་སྐུ་ལ་རྣམ་པར་སྨིན་པའི་སྐུ་དང་། སྐྱེ་བ་སྤྲུལ་སྐུ་དང་། བཟོ་བོ་སྤྲུལ་སྐུ་ལ་རྣམ་པར་སྨིན་པ་མ་ཡིན་པའི་སྐུ་ཟེར་རོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་367.5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number