1728

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:41, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་རང་གི་ཆུང་མ་ལ་འདུ་ཤེས་བསྐྱེད་པར་བྱ་བ་གསུམ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་སོ་གཉིས་ཡོད་པ་སྟེ།

ཁག་དང་པོ། མི་རྟག་པའི་འདུ་ཤེས། མི་བརྟན་པའི་འདུ་ཤེས། འགྱུར་བའི་འདུ་ཤེས་དང་གསུམ། ཁག་གཉིས་པ། འདི་ནི་དགའ་ཞིང་རྩེ་བའི་གྲོགས་ཡིན་གྱི། འདི་ནི་འཇིག་རྟེན་ཕ་རོལ་གྱི་གྲོགས་ནི་མ་ཡིན་ནོ། འདི་ནི་བཟའ་བ་དང་བཏུང་བའི་གྲོགས་ཡིན་གྱི། འདི་ནི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་གྲོགས་ནི་མ་ཡིན་ནོ། ། འདི་ནི་བདེ་བའི་གྲོགས་ཡིན་གྱི། འདི་ནི་སྡུག་བསྔལ་གྱི་གྲོགས་ནི་མ་ཡིན་པ་དང་གསུམ། ། ཁག་གསུམ་པ། མི་གཙང་བར་འདུ་ཤེས་པ། དྲི་ང་བར་འདུ་ཤེས་པ། མི་མཐུན་པར་འདུ་ཤེས་པ་དང་གསུམ། ཁག་བཞི་པ། དགྲར་འདུ་ཤེས་པ། གཤེད་མར་འདུ་ཤེས་པ། ཕྱིར་རྒོལ་བར་འདུ་ཤེས་པ་དང་གསུམ། ཁག་ལྔ་པ། དགང་དཀའ་བར་འདུ་ཤེས་པ། གཏིང་དུ་འདུ་ཤེས་པ། བྱས་པ་མི་གཟོ་བར་འདུ་ཤེས་པ་དང་གསུམ། ཁག་དྲུག་པ། སེམས་ཅན་དམྱལ་བར་འགྲོ་བར་འདུ་ཤེས་པ། དུད་འགྲོའི་སྐྱེ་གནས་སུ་འགྲོ་བར་འདུ་ཤེས་པ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འདུ་ཤེས་པ་དང་གསུམ། ཁག་བདུན་པ། ཁུར་དུ་འདུ་ཤེས་པ། སྲིད་པར་འདུ་ཤེས་པ། སྲིད་པར་ཡོངས་སུ་འཛིན་པར་འདུ་ཤེས་པ་དང་གསུམ། ཁག་བརྒྱད་པ། བདག་གི་བ་མ་ཡིན་པར་འདུ་ཤེས་པ། ཡོངས་སུ་འཛིན་པ་མེད་པར་འདུ་ཤེས་པ། བརྙན་མར་འདུ་ཤེས་པ་དང་གསུམ། ཁག་དགུ་པ། ལུས་ཀྱིས་ཉེས་པར་སྤྱོད་པའི་གནས་སུ་འདུ་ཤེས་པ། ངག་གིས་ཉེས་པར་སྤྱོད་པའི་གནས་སུ་འདུ་ཤེས་པ། ཡིད་ཀྱིས་ཉེས་པར་སྤྱོད་པའི་གནས་སུ་འདུ་ཤེས་པ་དང་གསུམ། ཁག་བཅུ་པ། འདོད་པའི་རྣམ་པར་རྟོག་པའི་གནས་སུ་འདུ་ཤེས་པ། གནོད་སེམས་ཀྱི་རྣམ་པར་རྟོག་པའི་གནས་སུ་འདུ་ཤེས་པ། རྣམ་པར་འཚེ་བའི་རྣམ་པར་རྟོག་པའི་གནས་སུ་འདུ་ཤེས་པ་དང་གསུམ། ཁག་བཅུ་གཅིག་པ། ཁྲི་མུན་དུ་འདུ་ཤེས་པ། གསོད་པར་འདུ་ཤེས་པ། འཆིང་བར་འདུ་ཤེས་པ་དང་གསུམ། ཁག་བཅུ་གཉིས་པ། ཚུལ་ཁྲིམས་ཀྱི་བར་དུ་གཅོད་པར་འདུ་ཤེས་པ། ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་འདུ་ཤེས་པ། ཤེས་རབ་ཀྱི་བར་དུ་གཅོད་པར་འདུ་ཤེས་པ་དང་གསུམ། ཁག་བཅུ་གསུམ་པ། ཁོག་ཚེར་འདུ་ཤེས་པ། སྙིར་འདུ་ཤེས་པ། རྒྱུར་འདུ་ཤེས་པ་དང་གསུམ། ཁག་བཅུ་བཞི་པ། ཡམས་ཀྱི་ནད་དུ་འདུ་ཤེས་པ། གནོད་པར་འདུ་ཤེས་པ། ནད་འགོ་བར་འདུ་ཤེས་པ་དང་གསུམ། ཁག་བཅོ་ལྔ་པ། འཐབ་པར་འདུ་ཤེས་པ། བྱུར་དུ་འདུ་ཤེས་པ། སེར་བར་འདུ་ཤེས་པ་དང་གསུམ། ཁག་བཅུ་དྲུག་པ། ནད་དུ་འདུ་ཤེས་པ། རྒ་བར་འདུ་ཤེས་པ། འཆི་བར་འདུ་ཤེས་པ་དང་གསུམ། ཁག་བཅུ་བདུན་པ། བདུད་དུ་འདུ་ཤེས་པ། བདུད་ལ་བརྟེན་པར་འདུ་ཤེས་པ། འཇིག་པར་འདུ་ཤེས་པ་དང་གསུམ། ཁག་བཅོ་བརྒྱད་པ། མྱ་ངན་དུ་འདུ་ཤེས་པ། སྨྲེ་སྔགས་འདོན་པར་འདུ་ཤེས་པ། དུག་བསྔལ་བ་དང་། ཡིད་མི་བདེ་བ། འཁྲུག་པར་འདུ་ཤེས་པ་དང་གསུམ། ཁག་བཅུ་དགུ་པ། སྤྱང་མོ་ཆེན་མོར་འདུ་ཤེས་པ། ཆུ་སྲིན་ཆེན་མོར་འདུ་ཤེས་པ། བྱི་ལ་ཆེན་མོར་འདུ་ཤེས་པ་དང་གསུམ། ཁག་ཉི་ཤུ་པ། སྦྲུལ་ནག་མོར་འདུ་ཤེས་པ། ཆུ་སྲིན་བྱིས་པ་གསོད་པར་འདུ་ཤེས་པ། མདངས་འཕྲོག་པར་འདུ་ཤེས་པ་དང་གསུམ། ཁག་ཉེར་གཅིག་པ། མགོན་མེད་པར་འདུ་ཤེས་པ། སྐྱབས་མེད་པར་འདུ་ཤེས་པ། གནས་མེད་པར་འདུ་ཤེས་པ་དང་གསུམ། ཁག་ཉེར་གཉིས་པ། ། གང་བར་འདུ་ཤེས་པ། བྲི་བར་འདུ་ཤེས་པ། ན་བར་འདུ་ཤེས་པ་དང་གསུམ། ཁག་ཉེར་གསུམ་པ། ཆོམ་རྐུན་དུ་འདུ་ཤེས་པ། བཙོན་སྲུང་དུ་འདུ་ཤེས་པ། སེམས་ཅན་དམྱལ་བའི་སྲུང་མར་འདུ་ཤེས་པ་དང་གསུམ། ཁག་ཉེར་བཞི་པ། ཆུ་བོར་འདུ་ཤེས་པ། སྦྱོར་བར་འདུ་ཤེས་པ། མདུད་པར་འདུ་ཤེས་པ་དང་གསུམ། ཁག་ཉེར་ལྔ་པ། འདམ་དུ་འདུ་ཤེས་པ། ཆགས་པར་འདུ་ཤེས་པ། ཀློང་དུ་འདུ་ཤེས་པ་དང་གསུམ། ཁག་ཉེར་དྲུག་པ། ཐག་པར་འདུ་ཤེས་པ། ཁོང་སྒྲོལ་དུ་འདུ་ཤེས་པ། རྙིང་དུ་འདུ་ཤེས་པ་དང་གསུམ། ཁག་ཉེར་བདུན་པ། མེ་མ་མུར་དུ་འདུ་ཤེས་པ། རྩ་མེའི་སྒྲོན་མ་ལྟ་བུར་འདུ་ཤེས་པ། ཆུ་གྲི་ལྟ་བུར་འདུ་ཤེས་པ་དང་གསུམ། ཁག་ཉེར་བརྒྱད་པ། དོན་མེད་པར་འདུ་ཤེས་པ། ཚེར་མར་འདུ་ཤེས་པ། དུག་ཏུ་འདུ་ཤེས་པ་དང་གསུམ། ཁག་ཉེར་དགུ་པ། ལྷག་པར་སྒྲོ་འདོགས་པར་འདུ་ཤེས་པ། ལྷག་པར་ཀུན་ཏུ་གོས་པར་བྱེད་པར་འདུ་ཤེས་པ། ལྷག་པར་ཆགས་པར་འདུ་ཤེས་པ་དང་གསུམ། ཁག་སུམ་བཅུ་པ། ཤར་གཉེར་བར་འདུ་ཤེས་པ། ཆད་པ་གཅོད་པར་འདུ་ཤེས་པ། མཚོན་ཆ་འཛིན་པར་འདུ་ཤེས་པ་དང་གསུམ། ཁག་སོ་གཅིག་པ། འགྱེད་པར་འདུ་ཤེས་པ། རྩོད་པར་འདུ་ཤེས་པ། མཚང་འདྲུ་བར་འདུ་ཤེས་པ་དང་གསུམ། ཁག་སོ་གཉིས་པ། མི་སྡུག་པ་དང་ཕྲད་པར་འདུ་ཤེས་པ། སྡུག་པ་དང་བྲལ་བར་འདུ་ཤེས་པ། ཉམ་ང་བར་འདུ་ཤེས་པ་དང་གསུམ་མོ། །

Tibetan Source 《དཀོན་བརྩེགས་ང་པ་》ཤ་18ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number