1731
Jump to navigation
Jump to search
Tibetan | བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་ལས་ལྡོག་ཅིང་། རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དཀོན་བརྩེགས་སྡོམ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ།
1.འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་ལ་སེར་སྣ་བྱེད་དེ། ཆོས་དང་པོ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་། རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། 2.འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགེ་མཚན་དང་ལྟས་ལ་ཆགས་ཏེ། ཆོས་གཉིས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་། རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། 3.འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མི་ཚོལ་ཞིང་ལེ་ལོ་ཅན་དུ་འགྱུར་ཏེ། ཆོས་གསུམ་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་། རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། |
Tibetan Source | 《དཀོན་བརྩེགས་ཀ་པ་》ཤ་63བ་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |