1732
Tibetan | བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཉན་ཐོས་ཀྱི་ཐེག་པར་མྱ་ངན་ལས་འདའ་བར་བྱེད་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དཀོན་བརྩེགས་སྡོམ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ།
1.འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་དམྱལ་བ་རྣམས་ཀྱིས་འཇིགས་ཤིང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱིས་འཇིགས་ཏེ། བྱང་ཆུབ་ལ་ཁུར་དུ་འདུ་ཤེས་པར་འགྱུར་ཞིང་། དེ་གལ་ཏེ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ་རྣམས་རྒྱུན་མི་འཆད་པར་ཡིད་ལ་བྱེད་དེ། ལེན་པར་མི་བྱེད་ལ། དེ་ཡིད་ཀྱིས་ཞེ་འགྲས་པར་བྱེད། དེ་སེམས་ཀྱིས་ཞེ་འགྲས་པར་བྱེད་ཅིང་། སྡུག་བསྔལ་གྱི་འདུ་ཤེས་སུ་འགྱུར་ན། ཆོས་དང་པོ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། 2.གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གང་སྦྱིན་པ་སྦྱིན་ཞིང་ཡོངས་སུ་དགའ་བ་མ་ཡིན་པའི་སྦྱིན་པ་བྱིན་ཏེ། བྱིན་ཞིང་བྱིན་ནས་ཀྱང་འགྱོད་པར་འགྱུར་ཞིང་སངས་རྒྱས་ཀྱི་ཡེ་ཤེས་མི་གཏོད་ན། ཆོས་གཉིས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བྱང་ཆུབ་ལས་ལྡོག་ཅིང་མྱུར་དུ་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། 3.གཞན་ཡང་འདི་ལ་ཁ་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མང་དུ་ཐོས་པ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་མི་རྩོམ་གྱི་དེ་དགེ་བའི་རྩ་བ་ངན་ངོན་ཙམ་དེས་མྱུར་དུ་མྱ་ངན་ལས་འདའ་བར་བྱེད་ན། ཆོས་གསུམ་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་བྱང་ཆུབ་ལས་ལྡོག་ཅིང་མྱུར་དུ་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ། |
Tibetan Source | 《དཀོན་བརྩེགས་ཀ་པ་》ཤུ་62བ་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |