1750
Tibetan | བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་མདོར་བསྡུ་ན་རྣམ་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.སྡོམ་པའི་ཚུལ་ཁྲིམས་ནི། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་རིས་བདུན་པོ་ནི། (1)དགེ་སློང་གི་སྡོམ་པ། (2)དགེ་སློང་མའི་སྡོམ་པ། (3)དགེ་ཚུལ་གྱི་སྡོམ་པ། (4)དགེ་ཚུལ་མའི་སྡོམ་པ། (5)དགེ་བསྙེན་གྱི་སྡོམ་པ། (6)དགེ་བསྙེན་མའི་སྡོམ་པ། (7)དགེ་སློབ་མའི་སྡོམ་པའི་ཚུལ་ཁྲིམས་གང་ཡིན་ཏེ། དེ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། ། 2.དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔས་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་གིས་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་མདོར་བསྡུ་ན། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱའོ། ། 3.སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་ནི། དེ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་བ་སྟེ། (1)སེམས་ཅན་གྱི་བྱ་བ་དོན་དང་ལྡན་པ་རྣམ་པ་སྣ་ཚོགས་ལ་གྲོགས་བྱེད་ཅིང་། སེམས་ཅན་རྣམས་ལ་ནད་ལ་སོགས་པའི་སྡུག་བསྔལ་བྱུང་ངོ་ཅོག་ལ་ནད་གཡོག་ལ་སོགས་པས་གྲོགས་བྱེད་པ། (2)དེ་བཞིན་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཆོས་བསྟན་པ་སྔོན་དུ་གཏོང་བ་དང་། ཐབས་བསྟན་པ་སྔོན་དུ་གཏོང་བའི་རིགས་པ་སྟོན་པ། (3)ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བ་རྗེས་སུ་བསྲུང་ཞིང་འཚམ་པར་ལན་དུ་ཕན་འདོགས་པས་ཉེ་བར་གནས་པ། (4)སེང་གེ་དང་། སྟག་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་། མེ་ལ་སོགས་པའི་འཇིགས་པའི་གནས་རྣམ་པ་སྣ་ཚོགས་ལས་སེམས་ཅན་རྣམས་ཀུན་ནས་བསྲུང་བ། (5)ལོངས་སྤྱོད་དང་། གཉེན་གྱི་སྡུག་བསྔལ་བར་གནས་པ་རྣམས་ལ་མྱ་ངན་སེལ་བ། (6)སེམས་ཅན་ཡོ་བྱད་ཀྱིས་ཕོངས་པ་རྣམས་ལ་རིགས་པས་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པ། (7)ཡང་དག་པའི་རྟེན་སྦྱིན་པས་ཆོས་ཀྱི་ཚོགས་ཡོངས་སུ་སྡུད་པ་དང་། སྨྲ་བ་དང་། ཀུན་ཏུ་སྨྲ་བ་དང་། སོ་སོར་ཡང་དག་པར་དགའ་བར་བྱ་བས་དུས་དུས་སུ་ཐད་དུ་འགྲོ་བ། (8)གཞན་ལས་ཟས་དང་། སྐོམ་ལ་སོགས་པ་ལེན་པ། (9)འཇིག་རྟེན་པའི་དོན་དང་མཐུན་པར་སྤྱོད་པ། (10)བོས་ན་འོང་ཞིང་འགྲོ་བ་དང་། མདོར་བསྡུ་ན་དོན་དང་ལྡན་པ་མ་ཡིན་པ་ཡིད་དུ་མི་འོང་བ་ཀུན་ཏུ་སྤྱོད་པ་ཐམས་ཅད་མ་གཏོགས་པ་ལ་སེམས་དང་མཐུན་པར་བྱེད་པ། (11)དེ་ཉིད་ཀྱི་ཡང་དག་པའི་ཡོན་ཏན་རྣམས་ལྐོག་གམ། མིང་སྔར་བསྒྲགས་པས་ཡང་དག་པར་དགའ་བར་བྱ་བ་དང་། འདི་ལྟ་སྟེ། མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་ལ་ཡང་དག་པར་གཟུད་པའི་ཕྱིར་ནང་གི་སེམས་འཇམ་ཞིང་ཕན་པ་དང་། ལྷག་པའི་བསམ་པ་དང་ལྡན་པས་ཚར་གཅད་པར་བྱ་བ་སྨ་དབབ་པ་དང་། ཆད་པའི་ལས་བྱེད་དུ་གཞུག་པའམ། བསྐྲད་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་མངོན་སུམ་དུ་བསྟན་པས་མི་དགེ་བ་ལས་སྐྱོ་བར་བྱེད་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་འདུན་པར་བྱེད་མགུ་བར་བྱེད་ཡ་མཚན་དུ་འཛིན་པར་བྱེད་པའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་74བ་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |