1939

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:42, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་སོ་སོར་རྟོག་པར་བྱེད་པ་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1.ལུས་ཀྱི་ལས་ལ་སོ་སོར་རྟོག་པ། 2.ངག་གི་ལས་ལ་སོ་སོར་རྟོག་པ། 3.ཡིད་ཀྱི་ལས་ལ་སོ་སོར་རྟོག་པའོ། ། ཇི་ལྟར་ན་ལས་དེ་དག་ལ་སོ་སོར་རྟོག་པ་ན། ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་སྦྱོང་བར་བྱེད་ཅེ་ན། ལས་གང་བསམས་ནས་ལུས་ཀྱི་བྱ་བར་འདོད་པ་དེ་ཉིད་ལ་འདི་ལྟར་ཅི་བདག་གི་ལུས་ཀྱི་ལས་འདི་བདག་དང་། གཞན་དག་ལ་གནོད་པར་འགྱུར་ཞིང་མི་དགེ་བས། སྡུག་བསྔལ་འབྱུང་བ་རྣམ་པར་དག་པ་སྡུག་བསྔལ་བ་ཞིག་ཡིན་ནམ། འོན་ཏེ་བདག་གི་ལུས་ཀྱི་ལས་འདི་བདག་དང་གཞན་དག་ལ་གནོད་པར་མི་འགྱུར་ཞིང་། དགེ་བས་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཞིག་ཡིན་ཞེས་སོ་སོར་རྟོག་པར་བྱེད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་22བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number