2001
Tibetan | ཞི་ལྷག་བསྒྲུབ་པའི་ཐབས་ལ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གསུམ་པ་སྤྱོད་པའི་རིམ་པ་ལས་བྱུང་བ་སྟེ།
1.སྤང་གཉེན་བསྟན་པ་ནི། སྤང་དགོས་པའི་སྒྲིབ་པ་ལྔ་སྟེ། (1)གཉིད། (2)རྨུགས། (3)རྒོད་པ། (4)འགྱོད་པ། (5)ཐེ་ཚོམ་དང་སྒྲིབ་པ་ལྔའོ། ། [1]གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་ནང་དུ་སྡུད་པ། [2]རྨུགས་ཡུ་ལ་མི་གསལ་བའི་ཤེས་པ་ལུང་མ་བསྟན། [3]རྒོད་པ་ནི་ཡུལ་གྱི་ཕྱིར་སེམས་འཕྲོ་བ། [4]འགྱོད་པ་ནི་བྱ་བ་འགའ་ཞིག་ཡིད་ལ་བཅགས་པས་མངོན་པར་མི་དགའ་བའི་ཤེས་པ། [5]ཐེ་ཚོམ་ནི་གཉིས་བཅས་ཀྱི་བློས་ཟིན་མེད་པས་བྱ་བ་ བསྒྲུབ་པ་ལ་བར་དུ་གཅོད་པའོ། ། འདི་དག་སྤང་དགོས་པ་ཉིད་དོ། ། 2.གེགས་བསལ་བ་ནི། བྱིང་བ་གསེངས་ལ་རྒོད་ན་རྩེ་གཅིག་བསྒོམ། དེ་ལ་གཉིད་རྨུགས་གཉིས་ནི་བྱིང་བ་ཡིན་པས་གསེངས་ལ་བྱེད་པ་བཅུ་གཅིག་བསྒོམ་ཞིང་། གཞན་རྣམས་རྒོད་པ་ཡིན་པས་སེམས་གནས་པའི་ཐབས་དགུ་བསྒོམ་པ་ལ་འབད་པར་བྱའོ། ། 3.གཉེན་པོ་ཟུང་འབྲེལ་བསྟན་པ་ནི། ཞི་མེད་སྤྲོས་རྒོད་ལྷག་མེད་ལུང་མ་བསྟན། ། ཞེས་ཞི་གནས་ཀྱིས་མ་བརླན་པའི་ཤེས་རབ་ནི་ཚིག་གི་གོ་ཡུལ་ཙམ་ལ། ལྷག་མཐོང་གིས་མ་ཟིན་པའི་ཞི་གནས་ནི་ལུང་མ་བསྟན་འཁོར་བའི་ས་བོན་ལས་འཕགས་པར་མི་ནུས་པའི་ཕྱིར་ཟུང་འབྲེལ་ལ་འབད་དེ། བཤེས་སྤྲིངས་ལས། ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། ། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། ། གང་ལ་དེ་གཉིས་ཡོད་པ་ཡི། ། རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། ཞེས་སོ། ། |
Tibetan Source | 《མདོ་རྒྱུད་མཛོད་ཛི་པ་》ཤ་332.3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |