2137

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:43, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རབ་འབྱམས་པ་དང་། དཀའ་བཞི་པ། དཀའ་བཅུ་པའི་མིང་བཏགས་ལེན་པའི་རིམ་པ་གསུམ།
Tibetan Alternate
Tibetan Definition 1.རབ་འབྱམས་པ་ནི། གཞུང་ཆེན་པོ་ལྔའི་ནང་ནས་གཉིས་ཙམ་ལ་སློབ་གཉེར་ཐོན་པ།

2.དཀའ་བཞི་པ་ནི། གཞུང་ཆེན་པོ་ལྔའི་ནང་ནས་བཞི་ལ་སློབ་གཉེར་ཐོན་པ། 3.དཀའ་བཅུ་པ་ནི། གཞུང་ཆེན་པོ་ལྔ་(མངོན་པ་གོང་འོག་གཉིས། དབུ་མ། ཕར་ཕྱིན། རྣམ་འགྲེལ་བསྡུས་གྲྭ འདུལ་བ་)ཆ་ཚང་བ་སློབ་གཉེར་ཐོན་པ་ལ་ཟེར་བ་དང་གསུམ་མོ། ། རྗེས་སུ་རབ་བྱུང་བཅུ་པའི་ཆུ་གླང་(1613)ལོ་ནས་ལོ་དྲུག་རིང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུ་གནང་ཞིང་། དེའི་རིང་སེ་འབྲས་དགེ་གསུམ་ནས་སློབ་གཉེར་ཐོན་པའི་དགེ་བཤེས་བཟང་བ་རྣམས་འདེམས་སྒྲུགས་ཀྱིས་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་འཇོག་པ་དང་། ཨང་རིམ་སྤྱོད་པའི་ལམ་སྲོལ་གསར་འཛུགས་གནང་བ་དེ་ནས་དགེ་བཤེས་ལྷ་རམས་པའི་སྲོལ་ཐོག་མར་བྱུང་བ་ཡིན་ནོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1892.6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number