2313
Jump to navigation
Jump to search
Tibetan | སྲིད་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་ཁག་གཅིག་སྟེ།
1.འདོད་པའི་སྲིད་པ་ནི། སེམས་ཅན་རྣམས་ལ་རྣམ་པར་སླུ་བ་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དང་། བྱོལ་སོང་དང་། ཡི་དྭགས་དང་། གླིང་ཆེན་པོ་བཞི་དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་གནས་དྲུག་པོ་འདི་དག་ནི། གླིང་བཞི་པའི་འདོད་པའི་སྲིད་པ་ཞེས་བྱའོ། ། 2.གཟུགས་ཀྱི་སྲིད་པ་ནི། གཟུགས་ལ་སྤྱོད་པའི་ལྷའི་གནས་བཅུ་དྲུག་སྟེ། འདི་ནི། གཟུགས་ཀྱི་སྲིད་པ་ཞེས་བྱའོ། ། 3.གཟུགས་མེད་པའི་སྲིད་པ་ནི། གཟུགས་མེད་པ་ལ་སྤྱོད་པའི་གནས་བཞི་སྟེ། འདི་ནི། གླིང་བཞི་པའི་གཟུགས་མེད་པའི་སྲིད་པ་ཞེས་བྱའོ། ། |
Tibetan Source | 《མདོ་ཞ་པ་》ཤ་340བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |