2457

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:44, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྐྱེན་བཞི།
Tibetan Alternate
Tibetan Definition ཁག་གསུམ་པ།

1.རྒྱུའི་རྐྱེན་ནི། ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱུ་ཡང་བྱེད་རྐྱེན་དུ་ཡང་བྱེད་པས་རྒྱུའི་རྐྱེན་ནོ། ། 2.བདག་པོའི་རྐྱེན་ནི། མིག་ལ་སོགས་པའི་དབང་པོ་ལྔ་ནི་རང་རང་གི་རྣམ་པར་ཤེས་པ་སྐྱེད་པའི་བདག་པོ་བྱེད་པས་བདག་པོའི་རྐྱེན་ནོ། ། 3.དེ་མ་ཐག་པའི་རྐྱེན་ནི། ཡིད་ཀྱི་དབང་པོ་འགགས་མ་ཐག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་བསྐྱེད་པས་དེ་མ་ཐག་པའི་རྐྱེན་ནོ། ། 4.དམིགས་པའི་རྐྱེན་ནི། གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་དྲུག་ནི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ནོ། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number