2628

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:46, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་འགྱུར་བའི་བརྩོན་འགྲུས་བཞི།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བློ་གྲོས་རྒྱུ་མཚོས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་སུམ་ཅུ་ཡོད་པ་སྟེ།

ཁག་དང་པོ། 1.རྩོམ་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། ། 2.རྟུལ་བ་ནི། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པའོ། ། 3.སོ་སོར་རྟོག་པ་ནི། སེམས་ཅན་ལ་ཕན་པའི་དངོས་པོའོ། ། 4.སྒྲུབ་པ་ནི། དེ་བྱེད་པའི་ཆོས་ལ་བཟོད་པའོ། ། ཁག་གཉིས་པ། 1.རྩོམ་པ་ནི། ཐོས་པ་ཡོངས་སུ་ཚོལ་བའོ། ། 2.རྟུལ་བ་ནི། ཐོས་པ་སྟོན་པའོ། ། 3.སོ་སོར་རྟོག་པ་ནི། ཚུལ་བཞིན་ཡིད་ལ་བྱེད་པའོ། ། 4.སྒྲུབ་པ་ནི། འཕགས་པའི་ཡང་དག་པའི་ལྟ་བའོ། ། ཁག་གསུམ་པ། 1.རྩོམ་པ་ནི། སེར་སྣའི་སེམས་ཚར་གཅོད་པའོ། ། 2.རྟུལ་བ་ནི། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། ། 3.སོ་སོར་རྟོག་པ་ནི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། ། 4.སྒྲུབ་པ་ནི། རྣམ་པར་སྨིན་པ་ལ་མི་རེ་བའོ། ། ཁག་བཞི་པ། 1.རྩོམ་པ་ནི། གཏོང་བ་ཆེན་པོའོ། ། 2.རྟུལ་བ་ནི། གང་སློང་བ་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ། ། 3.སོ་སོར་རྟོག་པ་ནི། ཀྱེ་མའོ་ལོངས་སྤྱོད་འདི་དག་མི་རྟག་པའོ་སྙམ་པའོ། ། 4.སྒྲུབ་པ་ནི། བྱིན་ནས་འགྱོད་པ་མེད་པའོ། ། ཁག་ལྔ་པ། 1.རྩོམ་པ་ནི། ཆོས་ཀྱི་ལོངས་སྤྱོད་ཡོངས་སུ་ཚོལ་བའོ། ། 2.རྟུལ་བ་ནི། འཚོ་བ་ཡོངས་སུ་དག་པའོ། ། 3.སོ་སོར་རྟོག་པ་ནི། བདག་གིས་སྙིང་པོ་བླང་བར་འགྱུར་རོ་སྙམ་པའོ། ། 4.སྒྲུབ་པ་ནི། སྦྱིན་པས་རློམ་སེམས་སུ་མི་བྱེད་པའོ། ། ཁག་དྲུག་པ། 1.རྩོམ་པ་ནི། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བའོ། ། 2.རྟུལ་བ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མ་ཉམས་པའོ། །། 3.སོ་སོར་རྟོག་པ་ནི། ཚུལ་ཁྲིམས་འཆལ་བའི་སེམས་ཡོངས་སུ་སྨིན་པར་བྱེད་པའོ། ། 4.སྒྲུབ་པ་ནི། ཚུལ་ཁྲིམས་ཀྱི་ཡོན་ཏན་གྱིས་རློམ་སེམས་སུ་མི་བྱེད་པའོ། ། ཁག་བདུན་པ། 1.རྩོམ་པ་ནི། ལུས་ཡོངས་སུ་དག་པའོ། ། 2.རྟུལ་བ་ནི། ངག་ཡོངས་སུ་དག་པའོ། ། 3.སོ་སོར་རྟོག་པ་ནི། སེམས་ཡོངས་སུ་དག་པའོ། ། 4.སྒྲུབ་པ་ནི། ཆོས་ཡོངས་སུ་དག་པའོ། ། ཁག་བརྒྱད་པ། 1.རྩོམ་པ་ནི། གནོད་སེམས་ཀྱི་སྐབས་མེད་པའོ། ། 2.རྟུལ་བ་ནི། བཟོད་པའི་སྟོབས་རྣམས་རྣམ་པར་དག་པའོ། ། 3.སོ་སོར་རྟོག་པ་ནི། བདག་དང་གཞན་སྲུང་པའོ། ། 4.སྒྲུབ་པ་ནི། བཟོད་པའི་རློམ་སེམས་སུ་མི་བྱེད་པའོ། ། ཁག་དགུ་པ། 1.རྩོམ་པ་ནི། གཤེ་བ་དང་། སྡང་བ་དད་པར་བྱེད་པའོ། ། 2.རྟུལ་བ་ནི། གཤེ་བ་དང་། སྡང་བ་འདྲིས་པར་མི་བྱེད་པའོ། ། 3.སོ་སོར་རྟོག་པ་ནི། ནང་ཡོངས་སུ་གདུང་བ་མེད་པར་བྱེད་པའོ། ། 4.སྒྲུབ་པ་ནི། བདག་དང་གཞན་མི་དམིགས་པའོ། ། ཁག་བཅུ་པ། 1.རྩོམ་པ་ནི། ལེ་ལོའི་དྲི་མ་སེལ་བའོ། ། 2.རྟུལ་བ་ནི། བརྩོན་འགྲུས་ཀྱི་དྲི་མ་ལས་དབེན་པའོ། ། 3.སོ་སོར་རྟོག་པ་ནི། སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བྱེད་པའོ། ། 4.སྒྲུབ་པ་ནི། དེ་བྱ་བ་བྱེད་པའོ། ། ཁག་བཅུ་གཅིག་པ། 1.རྩོམ་པ་ནི། བྱ་བ་ཡང་དག་པར་སྒྲུབ་པའོ། ། 2.རྟུལ་བ་ནི། བྱ་བ་ཉམས་འོག་ཏུ་ཆུད་པར་བྱེད་པའོ། ། 3.སོ་སོར་རྟོག་པ་ནི། ཐེག་པ་གཞན་ལ་མི་རེ་བའོ། ། 4.སྒྲུབ་པ་ནི། ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་གཟོན་པའོ། ། ཁག་བཅུ་གཉིས་པ། 1.རྩོམ་པ་ནི། དྲན་པའོ། ། 2.རྟུལ་བ་ནི། རྟོགས་པའོ། ། 3.སོ་སོར་རྟོག་པ་ནི། བློ་གྲོས་སོ། ། 4.སྒྲུབ་པ་ནི། མོས་པའོ། ། ཁག་བཅུ་གསུམ་པ། 1.རྩོམ་པ་ནི། རིག་པའོ། ། 2.རྟུལ་བ་ནི། ཚུལ་ལོ། ། 3.སོ་སོར་རྟོག་པ་ནི། སྒོའོ། ། 4.སྒྲུབ་པ་ནི། འབྱུང་བའོ། ། ཁག་བཅུ་བཞི་པ། 1.རྩོམ་པ་ནི། ཚིག་འབྲུ་ཀུན་ཆུབ་པར་བྱེད་པའོ། ། 2.རྟུལ་བ་ནི། ཚིག་འབྲུ་འཛིན་པའོ། ། 3.སོ་སོར་རྟོག་པ་ནི། ཚིག་འབྲུ་སེལ་བའོ། ། 4.སྒྲུབ་པ་ནི། ཆོས་བརྗོད་དུ་མེད་པར་རྟེན་པའོ། ། ཁག་བཅོ་ལྔ་པ། 1.རྩོམ་པ་ནི། དགེ་བའི་བཤེས་གཉེན་ལ་རྟེན་པའོ། ། 2.རྟུལ་བ་ནི། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའོ། ། 3.སོ་སོར་རྟོག་པ་ནི། མཛའ་བ་དང་། མི་མཛའ་བ་རྣམས་ལ་སེམས་སྙོམས་པའོ། ། 4.སྒྲུབ་པ་ནི། ཇི་སྐད་སྨྲས་པའི་ཚིག་དང་མི་འགལ་བར་བྱེད་པའོ། ། ཁག་བཅུ་དྲུག་པ། 1.རྩོམ་པ་ནི། རབ་ཏུ་བྱུང་བའི་སེམས་སོ། ། 2.རྟུལ་བ་ནི། དགའ་བ་དང་། མི་དགའ་ལ་མི་ལྟ་བའོ། ། 3.སོ་སོར་རྟོག་པ་ནི། དགེ་བ་ཅི་ཞེས་ཚོལ་བའོ། ། 4.སྒྲུབ་པ་ནི། གཞན་ལ་རག་མ་ལུས་པར་ཡེ་ཤེས་རབ་ཏུ་ཐོབ་པའོ། ། ཁག་བཅུ་བདུན་པ། 1.རྩོམ་པ་ནི། དགོན་པ་ལ་གནས་པའོ། ། 2.རྟུལ་བ་ནི། འདུ་འཛི་ལ་མི་དཔའ་བའོ། ། 3.སོ་སོར་རྟོག་པ་ནི། དབེན་པར་གནས་པ་ལ་དགའ་བའོ། ། 4.སྒྲུབ་པ་ནི། ཉོན་མོངས་པ་མེད་པར་གནས་པའོ། ། ཁག་བཅོ་བརྒྱད་པ། 1.རྩོམ་པ་ནི། འདོད་པ་ཆུང་བའོ། ། 2.རྟུལ་བ་ནི། ཆོས་ཤེས་པའོ། ། 3.སོ་སོར་རྟོག་པ་ནི། དགང་སླ་བའོ། ། 4.སྒྲུབ་པ་ནི། རུང་བ་ལ་ཚོད་ཤེས་པའོ། ། ཁག་བཅུ་དགུ་པ། 1.རྩོམ་པ་ནི། ལྷག་པའི་ཚུལ་ཁྲིམས་ལ་སློབ་པའོ། ། 2.རྟུལ་བ་ནི། ཚུལ་ཁྲིམས་མི་ལྷོད་པའོ། ། 3.སོ་སོར་རྟོག་པ་ནི། ལྷག་པའི་སེམས་ལ་སློབ་པའོ། ། 4.སྒྲུབ་པ་ནི། ལྷག་པའི་ཤེས་རབ་ལ་སློབ་པའོ། ། ཁག་ཉི་ཤུ་པ། 1.རྩོམ་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། 2.རྟུལ་བ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། 3.སོ་སོར་རྟོག་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། 4.སྒྲུབ་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། ། ཁག་ཉེར་གཅིག་པ། 1.རྩོམ་པ་ནི། སྦྱིན་པའོ། ། 2.རྟུལ་བ་ནི། སྙན་པར་སྨྲ་བའོ། ། 3.སོ་སོར་རྟོག་པ་ནི། དོན་བྱེད་པའོ། ། 4.སྒྲུབ་པ་ནི། དོན་མཐུན་པའོ། ། ཁག་ཉེར་གཉིས་པ། 1.རྩོམ་པ་ནི། བྱམས་པ་ཆེན་པོའོ། ། 2.རྟུལ་བ་ནི། སྙིང་རྗེ་ཆེན་པོའོ། ། 3.སོ་སོར་རྟོག་པ་ནི། དགའ་བ་ཆེན་པོའོ། ། 4.སྒྲུབ་པ་ནི། བཏང་སྙོམས་ཆེན་པོའོ། ། ཁག་ཉེར་གསུམ་པ། 1.རྩོམ་པ་ནི། ཞིང་ཡོངས་སུ་དག་པར་བྱེད་པའོ། ། 2.རྟུལ་བ་ནི། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའོ། 3.སོ་སོར་རྟོག་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པའོ། ། 4.སྒྲུབ་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། ། ཁག་ཉེར་བཞི་པ། 1.རྩོམ་པ་ནི། ཕུང་པོའི་བདུད་ཡོངས་སུ་ཤེས་པའོ། ། 2.རྟུལ་བ་ནི། ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ། ། 3.སོ་སོར་རྟོག་པ་ནི། འཆི་བདག་གི་བདུད་རྣམ་པར་སྤོང་པའོ། ། 4.སྒྲུབ་པ་ནི། ལྷའི་བུའི་བདུད་ཕམ་པར་བྱེད་པའོ། ། ཁག་ཉེར་ལྔ་པ། 1.རྩོམ་པ་ནི། སྡུག་བསྔལ་ཡོངས་སུ་ཤེས་པའོ། ། 2.རྟུལ་བ་ནི། ཀུན་འབྱུང་བ་སྤོང་བའོ། ། 3.སོ་སོར་རྟོག་པ་ནི། ལམ་སྒོམ་པའོ། ། 4.སྒྲུབ་པ་ནི། ལྷའི་བུའི་བདུད་ཕམ་པར་བྱེད་པའོ། ། ཁག་ཉེར་དྲུག་པ། 1.རྩོམ་པ་ནི། ལུས་ལ་ཞུགས་པའི་དྲན་པའོ། ། 2.རྟུལ་བ་ནི། ཚོར་བ་ལ་ཞུགས་པའི་དྲན་པའོ། ། 3.སོ་སོར་རྟོག་པ་ནི། སེམས་ལ་ཞུགས་པའི་དྲན་པའོ། ། 4.སྒྲུབ་པ་ནི། ཆོས་ལ་ཞུགས་པའི་དྲན་པའོ། ། ཁག་ཉེར་བདུན་པ། 1.རྩོམ་པ་ནི། དད་པའོ། ། 2.རྟུལ་བ་ནི། བརྩོན་འགྲུས་སོ། ། 3.སོ་སོར་རྟོག་པ་ནི༔ དྲན་པ་དང་། ཏིང་ངེ་འཛིན་ནོ། ། 4.སྒྲུབ་པ་ནི། ཤེས་རབ་བོ། ། ཁག་ཉེར་བརྒྱད་པ། 1.རྩོམ་པ་ནི། མི་དགེ་བའི་ཆོས་སྤོང་བའོ། ། 2.རྟུལ་བ་ནི། དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པའོ། ། 3.སོ་སོར་རྟོག་པ་ནི། ལུས་དང་སེམས་ལས་སུ་རུང་བར་བྱེད་པའོ། ། 4.སྒྲུབ་པ་ནི། མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པར་བྱེད་པའོ། ། ཁག་ཉེར་དགུ་པ། 1.རྩོམ་པ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལའོ། ། 2.རྟུལ་བ་ནི། ལམ་ལའོ། ། 3.སོ་སོར་རྟོག་པ་ནི། ཞི་གནས་དང་། ལྷག་མཐོང་ལའོ། ། 4.སྒྲུབ་པ་ནི། རེག་པ་དང་། རྣམ་པར་གྲོལ་བ་ལའོ། ། ཁག་སུམ་ཅུ་པ། 1.རྩོམ་པ་ནི། འཇུག་པའི་སྤྱོད་པའོ། ། 2.རྟུལ་བ་ནི། དཀར་པོ་རྣམ་པར་མཐོང་བའི་སྤྱོད་པའོ། ། 3.སོ་སོར་རྟོག་པ་ནི། སེམས་ཤིན་ཏུ་སྦྱངས་པའོ། ། 4.སྒྲུབ་པ་ནི། ཕྱིར་མི་ལྡོག་པའི་ཡེ་ཤེས་སོ། །

Tibetan Source 《མདོ་ན་པ་》ཤ་63ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number