3323

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:50, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan འདུལ་བའི་དུས་ཚིགས་ཕྱེ་ཚུལ་བཞི།
Tibetan Alternate
Tibetan Definition དེ་ཡང་། འདུལ་བའི་ལོ་འགོ་འཛིན་ཚུལ་གྱི་ནང་ནས་མཛོད་འདུལ་བའི་རང་ལུགས་ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ལ་ལོ་འགོ་འཛིན་པའི་དབང་དུ་བྱས་པ་ལས། དུས་ཚིགས་ལ་གསུམ་དུ་ཕྱེ་བས་གོས་ཕྱག་དར་ཁྲོད་པ་ཤེས་པའི་ཆེད། དུས་ཚིགས་བཞིར་ཕྱེ་བས་འཇིག་རྟེན་པ་དང་སྒོ་བསྟུན་པའི་ཆེད། དུས་ཚིགས་ལྔར་ཕྱེ་བས་དབྱར་ཕྱི་མ་ཁས་ལེན་ཚུལ་ཤེས་པའི་ཆེད། དུས་ཚིགས་དྲུག་ཏུ་ཕྱེ་བས་ཟླ་བ་གཉིས་ཀྱི་ནང་དུ་གསོ་སྦྱོང་བཅུ་བཞི་པ་རེ་འོང་བ་ངོ་ཤེས་པའི་ཆེད་ཡིན་ནོ། །

1.དུས་ཚིགས་གསུམ་དུ་དབྱེ་ན། (1)ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་གཉིས་པའི་ཉེས་བཅོ་ལྔའི་བར། མགོ་རྒྱལ་མཆུ་དབོ་བཞི་སྟེ་དགུན་གྱི་དུས་སོ། ། (2)ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔའི་བར། ནག་པ་ས་ག་སྔོན་ཆུ་སྟོད་བཞི་སྟེ་དཔྱིད་ཀྱི་དུས་སོ། ། (3)ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་བར། གྲོ་བཞིན་ཁྲུམས་སྨད་ཐ་སྐར་རམ་ཆིས་བ་དབྱུག་པ་ཟླ་བ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན། དུས་ཚིགས་ལྔར་དབྱེ་ན་སྟོན་གྱི་དུས་མེད་དེ། རྩི་ཤིང་ནགས་ཚལ་རྒྱས་ཤིང་ཆར་འབབ་པ་སོགས་དབྱར་དང་མཚུངས་པའི་ཕྱིར་དབྱར་གྱི་ཁོངས་སུ་བསྡུས་པའོ། ། 2.དུས་ཚིགས་བཞིར་དབྱེ་བ་ནི། (1)དགུན་ཟླ་ར་བ་འབྲིང་པོ་ཐ་ཆུང་གསུམ་གྱི་ཚེས་བཅོ་ལྔ་ལ་སྐར་མ་མགོ་རྒྱལ་མཆུ་གསུམ་ཟླ་བ་དང་འཕྲད། (2)དཔྱིད་ར་བ་འབྲིང་པོ་ཐ་ཆུང་གསུམ་གྱི་ཚེས་བཅོ་ལྔ་ལ་སྐར་མ་དབོ་ནག་པ་ས་ག་གསུམ་ཟླ་བ་དང་འཕྲད། ། (3)དབྱར་ར་བ་འབྲིང་པོ་ཐ་ཆུང་གསུམ་གྱི་བཅོ་ལྔ་ལ་སྐར་མ་སྣོན་དང་ཆུ་སྟོད་གྲོ་བཞིན་གསུམ་ཟླ་བ་དང་འཕྲད། (4)སྟོན་ར་བ་འབྲིང་པོ་ཐ་ཆུང་གསུམ་གྱི་བཅོ་ལྔ་ལ་ཁྲུམས་ཐ་སྐར་སྨིན་དྲུག་གསུམ་བློ་བ་དང་འཕྲད། དེ་ཡང་། མགོ་དང་རྒྱལ་དང་མཆུ་དང་གསུམ། ། དགུན་ཟླ་གསུམ་གྱི་ཉ་སྐར་ཡིན། ། དབོ་དང་ནག་པ་ས་ག་གསུམ། ། དཔྱིད་ཟླ་གསུམ་གྱི་ཉ་སྐར་ཡིན། ། སྣོན་དང་ཆུ་སྟོད་གྲོ་བཞིན་གསུམ། ། དབྱར་ཟླ་གསུམ་གྱི་ན་སྐར་ཡིན། ། ཁྲུམས་དང་ཐ་སྐར་སྨིན་དྲུག་གསུམ། ། སྟོན་ཟླ་གསུམ་གྱི་ཉ་སྐར་ཡིན། ། ཞེས་སོ། ། དུས་བཞིར་དབྱེ་བ་འདི་ལ། ཡར་ངོ་སྔོན་འགྲོ་བྱེད་པའི་ལུགས་དང་། མར་ངོ་སྔོན་འགྲོ་བྱེད་པའི་ལུགས་གཉིས་ཡོད་པས། སྐར་རྩིས་པ་དང་། རྒྱ་ནག་པ། ཧོར་བོད་ཐམས་ཅད་ཀྱིས་ཡར་ངོ་སྔོན་འགྲོ་བྱེད། འདུལ་བ་རང་ལུགས་ལ་མར་ངོ་སྔོན་འགྲོ་བྱེད་དགོས་སོ། ། 3.དུས་ཚིགས་ལྔར་དབྱེ་བ་ནི། (1)དགུན་གྱི་དུས་ནི། ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔ་བར་ཟླ་བ་ཧྲིལ་པོ་བཞིའོ། ། (2)དཔྱིད་ཀྱི་དུས་ནི། ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་བར་ཟླ་བ་ཧྲིལ་པོ་བཞིའོ། ། (3)དབྱར་ཙམ་གྱི་དུས་ནི། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས། ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་བར་ཟླ་བ་ཧྲིལ་པོ་གཅིག་ཡོད། (4)དབྱར་ཐུང་ངུའི་དུས་ནི། ཧོར་ཟླ་བདུན་པའི་ཚེས་བཅུ་དྲུག་པ་ཞག་གཅིག་ལས་མེད་དོ། ། དབྱར་ཕྱི་མ་ཁས་ལེན་ཚེ། ཞག་གཅིག་པོ་འདིར་མ་བླངས་ན་ལོ་དེ་ལ་དབྱར་ཁས་ལེན་རྒྱུ་མེད་པས་ཤི་བའི་རོ་དང་འདྲ་བ་ཡིན་ནོ། ། (5)དབྱར་རིང་པོའི་དུས་ནི། ཧོར་ཟླ་བདུན་པའི་ཚེས་པ་བཅུ་བདུན་ནས་ཧོར་ཟླ་བཅུ་པའི་ཚེས་པ་བཅོ་ལྔའི་བར་ཏེ། ཟླ་བ་གཅིག་གི་ནང་ནས་ཞག་གཅིག་མ་ཚང་བའོ། ། 4.དགུན་དགུན་སྨད། དཔྱིད་སོས་ཀ། དབྱར་སྟོན་ཏེ། དེ་རེ་རེ་ལ་ཟླ་བ་གཉིས་གཉིས་ཡོད་དོ། ། ལོ་གཅིག་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་ཡོད་པ་སྟེ། ། (1)ཧོར་ཟླ་བཅུ་གཅིག་པའི་ཉེར་དགུ། (2)ཧོར་ཟླ་དང་པོའི་ཉེར་དགུ། (3)གསུམ་པའི་ཉེར་དགུ། (4)ལྔ་པའི་ཉེར་དགུ། (5)བདུན་པའི་ཉེར་དགུ། (6)དགུ་པའི་ཉེར་དགུའོ། ། དེ་ལྟར་ཡིན་པ་ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་དང་། ། ཆུ་སྟོད་ཁྲུམས་དང་སྨིན་དྲུག་བཅས། ། འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། ། ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། ། ཞེས་གསུངས་སོ།

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་507.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number