3386

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:50, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བརྡ་སྤྲོད་པའི་གཞུང་བྱུང་ཚུལ་བཤད་པ་བཞི།
Tibetan Alternate
Tibetan Definition 1.པཱ་ཎི་པ་ནི། སྒྲ་བྱེད་ལུང་བསྟན་བྲམ་ཟེ་པཱ་ཎི་ནཱིར། ། འཇིག་རྟེན་དབང་པོས་བྱིན་རླབས་ཕྱི་མོའི་གཞུང་། ། ལྷག་མ་ཅན་དང་མཆོག་སྲེད་དག་གིས་བཀྲལ། ། བྷཱ་ཥ་རྩ་འགྲེལ་རབ་བྱེད་ཟླ་བའི་ཟེར། ། གཟུགས་ཀྱི་འཇུག་པ་ཤཱ་ཀ་ཊཱ་ཡ་ན། ། ཀ་ཏིའི་བུ་ཡིས་བྱ་སོགས་དེ་རྗེས་འབྲངས། ། ཞེས་དང་། ལངྐར་གཤེགས་པའི་མདོ་ལས། སྒྲ་བྱེད་པ་ནི་པཱ་ཎི་ནཱིའོ། ། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ནཱི་ཞེས་བྱ་བ་འཕགས་ཡུལ་ནུབ་ཕྱོགས་བྷི་རུ་ཀའི་ཚལ་དུ་སྐྱེས་ཏེ་སྒྲ་རིག་པ་ཤེས་སམ་མི་ཤེས་ལག་རིས་མཁན་ལ་བསྟན་པ་ན་མི་ཤེས་པར་ལུང་བསྟན་པས། རང་ཉིད་ཀྱིས་གྲིའུ་ཆུང་གིས་ལག་རིས་བཅོས་ནས་ས་སྟེང་གི་བརྡ་སྤྲོད་པའི་སློབ་དཔོན་མཐའ་དག་བསྟེན། སྒྲ་ལེགས་པར་ཆིས་རིག་སྔགས་བསྒྲུབས་པས་འཕགས་པ་ཞལ་གཟིགས་ཏེ་ཅི་འདོད་གསུངས་པ་ལ་སྒྲ་ཤེས་པར་འཚལ་ཞུས་པས། ཨ་ཨི་ཨུ་སོགས་ཡི་གེའི་བསྡུ་བ་གསུངས་པ་ཙམ་གྱིས་འཕགས་པའི་བྱིན་རླབས་ཀྱིས་འཇིག་རྟེན་གསུམ་གྱི་སྒྲའི་གནས་ཐམས་ཅད་ཤེས་ནས། པཱ་ཎི་བྱཱ་ཀ་ར་ཎ་བློ་ཀ་སྟོང་དང་། བྱེ་བྲག་འབྱེད་པའི་མདོ་བློ་ཀ་སྟོང་ཡོད་པ་མཛད། དེ་ཡན་ཅད་དུ་ཕྱི་རོལ་པ་རྣམས་ལ་ཤཱ་རིའི་བྱས་དབང་པོའི་བརྡ་སྤྲོད་ལོ་བཅུ་གཉིས་སུ་བཀླགས་པར་བཤད་པ་ལྟ་བུའི་གཞུང་ ཅི་རིགས་པ་ལས། ནང་པ་རྣམས་ལ་སྒྲའི་སྦྱོར་བ་མཐའ་དག་ཕྱོགས་གཅིག་ཏུ་བྱས་པའི་བསྟན་བཅོས་མེད་པས་གཞུང་དེ་གཉིས་ནི་སྒྲ་གཞུང་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོ་ལྟ་བུ་ཡིན་ཅིང་། རྒྱལ་པོ་བདེ་བྱེད་ཀྱིས་སྒྲ་བསླབ་པའི་ཕྱིར་བྲམ་ཟེ་མཆོག་སྲེད་ཀྱི་ཀླུའི་རྒྱལ་པོ་ལྷག་མ་ཅན་རིག་སྔགས་ཀྱི་མཐུས་བཀུག་ནས་པཱ་ཎི་པའི་འགྲེལ་པ་བློ་ཀ་འབུམ་གྱིས་འཆད་པར་བྱས་ཏེ་སློབ་དཔོན་དང་ཀླུའི་བར་དུ་ཡོལ་བས་བཅས་ཀླུས་བཤད་ཅིང་། མཆོག་སྲེད་ཀྱིས་ཡི་གེར་འབྲི་བ་ལས། སྐབས་ཤིག་ན་འདིའི་ལུས་ཅི་འདྲ་ཡོད་སྙམས་ནས་ཡོལ་བ་བཏེག་པས་སྦྲུལ་ཆེན་པོ་བསྒྱིངས་པ་མཐོང་། ཀླུའང་ངོ་ཚ་ནས་བྲོས། དེར་འགྲེལ་པ་བློ་ཀ་སྟོང་ཕྲག་ཉེར་ལྔ་ལས་མ་ཟིན་པས་ལྷག་མ་མཆོག་སྲེད་ཀྱིས་སྟོང་ཕྲག་བཅུ་གཉིས་ཀྱི་ཚད་དུ་བརྩམས་པ་དེ་ལ་མཱ་ཧཱ་བྷཱ་ཥ་ཞེས་གྲགས་ཏེ། དེ་དག་གཞུང་འགྲེལ་པ་དང་བཅས་པ་ད་ལྟའི་བར་དུ་འཕགས་ཡུལ་ན་འཆད་ཉན་མ་ནུབ་པར་ཡོད། ཡང་སྐྱེས་བུ་མཆོག་གིས་བྱས་པའི་བྷཱ་ཥ་ཞེས་པ་རྩ་བ་བློ་ཀ་དགུ་བརྒྱའི་ཚད་ཙམ་རང་འགྲེལ་དང་བཅས་པ། རྭ་མ་ཙནྡས་བྱས་པའི་རབ་བྱེད་ཟླ་ཟེར། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་པཱ་ཎི་པའི་དོན་འགྲེལ་གཟུགས་ཀྱི་འཇུག་པ། པཱ་ཎི་པའི་ཆར་གཏོགས་པའི་གཞུང་ཤཱ་ཀ་ཌཱ་ཡ་ན་དང་ཀ་ཏིའི་བུས་བྱས་པ་སོགས་སློབ་དཔོན་དེའི་རྗེས་སུ་འབྲངས་ཞིང་པཱ་ཎི་ནཱིའི་གཞུང་རྩ་བ་ཙམ་ཕྱིས་སུ་འདུར་པ་ལོ་ཙཱས་བསྒྱུར་བར་བསྒྲགས་མོད། ཇི་བཞིན་མ་འགྱུར་རོ།

2.ཙཱ་ནནྡ་པ། ལེགས་བསྡུས་ཉུང་གསལ་ཀུན་རྫོགས་ཙཱནྡྲའི་མདོ། ། འགྲེལ་དང་ཡན་ལག་རང་གཞན་གཞུང་མང་ལས། ། རྩ་བ་ཐོག་མར་ཤོང་ལོས་བསྒྱུར་ཏེ་འཆད། ། ཅེས་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ནས་ལུང་བསྟན་ཅིང་རྒྱ་གར་ཤར་ཕྱོགས་བ་རིནྡྲ་ཞེས་པར་སྐུ་འཁྲུངས་པའི་སློབ་དཔོན་ཙནྡྲ་གོ་མི་ཞེས་བྱ་བ་སྒྲ་དང་རྟོག་གེ་ལ་སོགས་པ་ཐུན་མོང་གི་རིག་གནས་ཐམས་ཅད་མ་བསླབས་པར་མཁྱེན་པས་ལོ་བདུན་གྱི་སྟེང་ནས་མུ་སྟེགས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་དེས། སློབ་དཔོན་མྱ་ངན་མེད་པ་ལས་ལུང་མནོས་ཏེ། སྤྱན་རས་གཟིགས་དང་སྒྲོལ་མའི་རིག་སྔགས་བསྒྲུབས་པས་ གྲུབ་ཅིང་མཁས་པ་ཆེན་པོར་གྱུར། འཕགས་པ་སྤྱན་རས་ གཟིགས་ཀྱིས་བསྐུལ་ནས་གོ་མཱིའི་དགེ་བསྙེན་གྱི་བརྟུལ་ཞུགས་མཛད། ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་དང་ལྡན་ཅིང་ད་ལྟའང་པོ་ཊ་ལ་ན་སྐུ་དངོས་སུ་བཞུགས་པ་དེས་བསྟོད་པ། ནང་རིག་པའི་བསྟན་བཅོས། ཕྱི་རོལ་གྱི་བསྟན་བཅོས། བཟོ་གནས་ཀྱི་བསྟན་བཅོས་རྣམས་བརྒྱ་རྩ་བརྒྱད་རེ་བསྟན་བཅོས་ཐོར་བུ་པ་སྣ་ཚོགས་བཞི་བརྒྱ་དང་སུམ་ཅུ་རྩ་གཉིས་མཛད། ལྷོ་ཕྱོགས་ཀྱི་བརྒྱུད་དུ་ལྷག་མ་ཅན་གྱིས་བྱས་པའི་འགྲེལ་པ་མ་ཧཱ་བྷཱ་ཥ་གཟིགས་པས། འགྲེལ་པ་ཞེས་བྱ་བ་ཚིག་ཉུང་བ། དོན་མང་བ། མ་ཟློས་པ། ཚང་མ་ཞིག་དགོས་པ་ལ། ཀླུ་ནི་རྨོངས་པ་ཤས་ཆེ་བས། ཚིག་མང་བ། དོན་ཉུང་བ། ཟློས་པ། མ་ཚང་བའོ། ། ཞེས་སྨད་ནས་པཱ་ཎི་པའི་དོན་འགྲེལ་ལེགས་བསྡུས་ཀྱི་ཚུལ་དུ་ཉུང་ངུ་རྣམ་གསལ་ཡང་དག་པར་ཀུན་རྫོགས་པའི་མཚན་ཉིད་ཅན་ཙཱནྡྲ་བྱཱ་ཀ་ར་ཎ་ཞེས་པ་བློ་ཀ་བདུན་བརྒྱ། ལེའུ་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་དང་། དེའི་ཡན་ལག་ཏུ་ཡི་གེའི་མདོ་ལ་སོགས་པ་མཛད་པ་ལས། ན་ལེནྡྲར་ཟླ་གྲགས་ཀྱིས་མཛད་པའི་ཀུན་བཟང་སྒྲ་མདོ་གཟིགས་པས་དེ་ནི་ཚིག་གི་སྦྱོར་བ་ཤིན་ཏུ་ལེགས་ཤིང་། རང་གི་དེ་དེ་ཙམ་དུ་མི་ལེགས་པར་མཁྱེན་ཏེ་འགྲོ་དོན་མི་འབྱུང་བར་དགོངས་ནས་ཙཱནྡའི་གླེགས་བམ་ཁྲོན་པར་བསྒྱུར་བ་ན། རྗེ་བཙུན་མ་སྒྲོལ་མས། ཁྱོད་ཀྱིས་གཞན་ཕན་གྱི་བསམ་པ་བཟང་པོས་བྱས་པས་མ་འོངས་པ་ན་སེམས་ཅན་ལ་ཤིན་ཏུ་ཕན་པར་འགྱུར་ལ། ཟླ་གྲགས་ཀྱིས་ནི་མཁས་པའི་ང་རྒྱལ་གྱིས་བརྩམས་པས་གཞན་ལ་ཕན་ཐོགས་ཆུང་ངུར་འགྱུར་རོ། ། དེའི་ཕྱིར་གླེགས་བམ་ཁྲོན་པ་ནས་ཕྱུངས་ཤིག་ཅེས་ལུང་བསྟན་པ་ལྟར་བླངས་པས། ཁྲོན་པ་དེའི་ཆུ་འཐུངས་པ་ཙམ་གྱིས་ཤེས་རབ་ཆེན་པོར་འགྱུར་བ་བྱུང་ཞེས་གྲགས་པའི་གཞུང་ཁྱད་པར་འཕགས་པ་དེ་ལ། རང་གི་ཞང་པོ་དྷརྨ་དེ་བས་འགྲེལ་པ་མཛད། དེ་ལ་རཏྣ་མ་ཏིས་འགྲེལ་བཤད། དེའི་འགྲེལ་བཤད་ཀྱི་བཤད་པ་པཱུརྞ་ཙནྡྲས་མཛད་པ་རྣམས་དང་། ཡན་ལག་གཞན་ཡང་ཨུཎྲ་སོགས་ཀྱི་མདོ་རང་འགྲེལ་དང་བཅས་པ། བྱིངས་མདོ་སོགས་སློབ་དཔོན་ཉིད་ཀྱིས་མཛད་པའི་རང་གཞུང་དང་གཞན་གྱིས་སྦྱར་བ་མང་དུ་ཡོད་པ་ལས། གཞུང་རྩ་བ་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བ་ཚུན་ཆད་བོད་ཡུལ་དུའང་འཆད་ཉན་མ་ཆད་པར་བྱུང་ལ། བོད་འགྲེལ་ཡང་ལོ་ཆེན་ཐུགས་རྗེ་དཔལ་དང་ཆུ་ལུ་ཆོས་སྐྱོང་བཟང་པོས་མཛད་པ་སོགས་འགའ་ཞིག་མཆིས་པ་ལས་ཕྱིས་ཀུན་མཁྱེན་དྷརྨ་ཀ་རས་མཛད་པའི་འགྲེལ་ཆེན་ཉིད་རྒྱ་གཞུང་དང་ཁྱད་པར་མེད་པ་ནོར་འཁྲུལ་དང་བྲལ་བའི་ལེགས་བཤད་ཀྱི་གཏེར་ཆེན་པོའོ། ། 3.ཀ་ལཱ་པ་ནི། ལྷ་ཡི་དབང་པོས་ཨིནྡྲ་དེ་བ་ལ། ། བཤད་པའི་བརྡ་སྤྲོད་ཤེས་ཕྱིར་བདེ་སྤྱོད་ཀྱི། ། བཀའ་ལྟར་སབྷ་ཝར་མས་གདོང་དྲུག་བསྒྲུབས། ། ཀ་ལཱ་པ་བསྟན་ཤོང་དཔང་དྲིན་ལས་བྱུང་། ། ཞེས་གཞན་ཡང་རྒྱལ་པོ་ཙནྡན་སྤྱོད་གི་དུས་སུ་ལྷའི་དབང་པོས་བྲམ་ཟེ་ཨིནྡྲ་དེ་བ་ལ་སྒྲའི་ངེས་པ།ནས་བཤད་པའི་ཨིནྡྲ་བྱཱ་ཀ་ར་ཎ་སྟེ་དབང་པོའི་བརྡ་སྤྱོད་པ་ཞེས་ཤོ་ཀ་ཉི་ཁྲི་ལྔ་སྟོང་པའི་ཚད་ཅན་ཞིག་བྱུང་། མི་རིང་བར་བརྡ་སྤྲོད་དེ་ཤེས་པའི་ཕྱིར་དུ་རྒྱལ་པོ་བདེ་སྤྱོད་ཀྱི༌བཀའ༌ལྟར་བྲམ་ཟེ་སབྷ་ཝརྨས་གཞོན་ནུ་གདོང་དྲུག་བསྒྲུབས་ནས་གྲུབ་པའི་ཚེ་ཁྱོད་ཅི་འདོད་ཟེར་བ་ལ། ཨིནྡྲ་བྱཱ་ཀ་ར་ཎ་ཤེས་པར་འཚལ་བྱས་པས། སིདྡྷཱ་ཝཎ་ས་མ་ཡཿ ཞེས་གསུངས་པ་ཙམ་གྱིས་སྒྲའི་དོན་མཐའ་དག་ཤེས་པར་གྱུར་ནས་དེ་ཉིད་ཀྱིས་ཀ་ལཱ་པ་བྱཱ་ཀ་ར་ཎ་བརྩམས། དེ་ནི་ཨིནྡྲ་བྱཱ་ཀ་ར་ཎའི་ལུགས་ཡིན་ཞིང་ཕྱི་ནང་གི་འགྲེལ་བྱེད་ཀྱང་མང་དུ་བྱུང་། བོད་ཡུལ་དུའང་འདི་ཉིད་ལ་སློབ་པ་མང་པས་གཞུང་ཐོག་མར་ཤོང་ལོས་བསྒྱུར། དེ་ནས་དཔང་ལོ་སོགས་ཀྱིས་འགྲེལ་པ་དུར་སིང་སི་སོགས་དང་ཏི་སོགས་ཀྱི་བྱ་བ་ལ་སོགས་པ་རིམ་པར་བསྒྱུར་ཅིང་བོད་འགྲེལ་ཡང་པཟང་ངན་དུ་མ་བྱུང་ངོ་། ། 4.དབྱངས་ཅན་བརྡ་སྤྲོད་ཞར་བྱུང་བཅས་སྨོས་པ་ནི། དབྱངས་ཅན་འཕགས་མས་ཨ་ནུ་བྷཱུ་ཏི་ལ། ། བསྩལ་བའི་པད་སྤྲོད་ཇོ་ནང་རྗེ་བཙུན་དང་། ། ཆོས་ཀྱི་སྣང་བས་རྩ་འགྲེལ་བསྒྱུར་ཅིང་བཤད། ། ཅེས་ཡང་མཁས་པ་སྒོ་དྲུག་ཙམ་གྱི་དུས་སུ་ལྷོ་ཕྱོགས་མ་ཧཱ་རཱ་ཋར་བྱུང་བའི་བྲམ་ཟེའི་རིགས་ཀྱི་སློབ་དཔོན་ཨ་ནུ་བྷཱུ་ཏི་ལ་འཕགས་མ་དབྱངས་ཅན་མས་དངོས་སུ་བསྩལ་བའི། ས་ར་སུ་ཏི་བྱཱ་ཀ་ར་ཎ་ཞེས་པའང་འཕགས་ཡུལ་དུ་དར་ཆེ་ཞིང་། བོད་ཡུལ་ཇོ་ནང་རྗེ་བཙུན་སྒྲོལ་བའི་མགོན་པོས་པཎྜི་ཏ་ཀྲྀཥྞ་དང་པ་ལ་བྷ་དྲ་ལ་པརྟེན་ནས་གཞུང་འགྲེལ་ཐོག་མར་བསྒྱུར། འགྲེལ་པའང་མཛད། འདར་ལོས་ཀྱང་གཞུང་ལ་འགྱུར་བཅོས༌དང་། འགྲེལ༌པ་གཞི་འགྱུར་གྱི་རྩིས་སུ་བྱས་ཀྱང་གཞུང་གི་འགྱུར་ལ་སྐབས༌ཁ་ཅིག་ཏུ་ལེགས་པར་སོང་སྲིད། འགྲེལ་པར་ནི་རྒྱུ་དང་པང་་བོད་དཔེ་གཉིས་བསྡུར་བའི་ཚེ་མི་འགྲིག་པ་ཤས་ཆེ་སུ་བཙཔས་པ་ལས་བསྒྱུར་བའི་ཐ་སྙད་རང་མེད་འདྲ་ནའང་། དེ་ལ་བརྟེན་པའི་འཆད་ཉན་གྱི་རྒྱུན་དར་བ་བྱུང་ཞིང་། ཀུན་མཁྱེན་ཆོས་ཀྱི་སྣང་བས་བལ་ཡུལ་དུ་བྲམ་ཟེ་བིཥྛ་པ་ཏི་ལ་འདྲི་མོལ་མཛད་ཅིང་དཀའ་བའི་གནས་ལེགས་པར་མཁྱེན་པས། སློབ་དཔོན་གྱི་རང་འགྲེལ་རབ་བྱེད་གསལ་ལྡན་གཞི་འགྱུར་མཛད་ཅིང་འཕགས་ཡུལ་དུ་འགྲེལ་ཆེན་པུཎྜ་རཱ་ཛ་སོགས་ཕྱི་ནང་གི་པཎྜི་ཏ་རྣམས་ཀྱིས་བརྩམས་པའི་འགྲེལ་པ་མང་དུ་ཡོད་པར་སྣང་ངོ་། འཇམ་དཔལ་བརྡ་སྤྲོད་ཞྭ་ལུ་ལོ་ཙཱས་བསྒྱུར། ། ཞེས་འཇམ་དཔལ་གྲགས་པས་མཛད་པར་གྲགས་པའི་བརྡ་སྤྲོད་པའི་གཞུང་དང་། སྐབས་ལྔ་པའི་རྐང་པ་གཉིས་པའི་འགྲེལ་པ་ཙམ་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་བསྒྱུར་ཡང་འཆད་ཉན་གྱི་རྒྱུན་ནི་མ་བྱུང་ངོ་། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་སྟོད་ཆ་ཤ་557.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number