3395

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:50, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ནང་པའི་གྲུབ་མཐའ་བཞི།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཀློང་རྡོལ་གསུང་འབུམ་ལས་བྱུང་བ་ཁག་གཅིག་སྟེ། རང་སྡེ། ནང་པ། སངས་རྒྱས་པ། ཆོས་འདི་པ། ཤཱཀྱའི་རིང་ལུགས་པ་རྣམས་དོན་གཅིག་ཡིན་པ་ལས། 1.བྱེ་བྲག་སྨྲ་བའི་རྩ་བའི་སྡེ་པ་ལ་་བཞི་སྟེ། (1)ཐམས་ཅད་ཡོད་སྨྲ། (2) ཕལ་ཆེན་པ། (3)གནས་བརྟན་པ། (4)མང་པོས་བཀུར་བའོ། ། [1]དེ་ལས་གྱེས་པའི་སྡེ་པ་བཅོ་བརྒྱུད་ཡོད་པ་ལས་ཐམས་ཅད་ཡོད་སྨྲ་ལས་གྱེས་པ་བདུན་ནི། <1>འོད་སྲུང་སྡེ་པ། <2>ས་སྟོན་པ། <3>ཆོས་སྲུང་བ། <4>མང་ཐོས་པ། < 5>གོས་དམར་བ། <6>རྣམ་པར་ཕྱེ་སྟེ་སྨྲ་བ། <7>གཞི་ཐམས་ཅད་ཡོད་པར་སྨྲ་བའོ། ། [2]ཕལ་ཆེན་པ་ལས་གྱེས་པ་ལྔ་ནི། <1>ཤར་གྱི་རི་བོའི་སྡེ་པ། <2>ནུབ་ཀྱི་རི་བོའི་སྡེ་པ། <3>གངས་རིར་གནས་པ། <4>རྟག་པར་སྨྲ་བ། <5>འཇིག་རྟེན་ལས་འདས་པར་སྨྲ་བའོ། ། [3]གནས་བརྟན་པ་ལས་གྱེས་པ་གསུམ་ནི། <1>རྒྱལ་བྱེད་ཚལ་ན་གནས་པ། <2>འཇིགས་མེད་རི་ལ་གནས་པ། <3>གཙུག་ལག་ཁང་ཆེན་ལ་གནས་པའོ། ། [4]མང་པོས་བཀུར་བ་ལས་གྱེས་པ་གསུམ་ནི། ། <1>ས་སྒོག་པ། <2>སྲུང་བ་པ། <3>གནས་མ་བུ་པའོ། ། ཡང༌ན། [2]ཕལ་ཆེན་པ་ལས་གྱེས་པ་བརྒྱད་ནི། <1>ཕལ་ཆེན་པ། <2>ཐ་སྙད་གཅིག་པ། <3>འཇིག་རྟེན་ལས་འདས་པར་སྨྲ་བ། <4>མང་ཐོས་པ། <5>རྟག་པར་སྨྲ་བ། <6>མཆོད་རྟེན་པ། <7>ཤར་རི་པ། <8>ནུབ་རི་པའོ། ། [3]གནས་བརྟན་པ་ལས་གྱེས་པ་བཅུ་ནི། <1>གངས་རི་པ། <2>ཐམས་ཅད་ཡོད་སྨྲ། <3>གནས་མ་བུ་པ། <4>ཆོས་མཆོག་པ། <5>བཟང་པོའི་ལམ། <6>ཀུན་གྱིས་བཀུར་བ། <7>མང་སྟོན་པ། <8>ཆོས་སྡེ་པ། <9>འོད་སྲུང་བ། <10>བླ་མ་པའོ། ། བྱེ་བྲག་སྨྲ་བའི་སྡེ་པ་བཞིའི་སྐད་དང་། མཁན་པོ། གྲྭ་རྟགས། མིང་གི་སྐོར་བཞི་གང་ཞེ་ན། (1)ཐམས་ཅད་ཡོད་སྨྲ་བ་ནི། སྐད་སམཀྵི་ཏ། མཁན་པོ་རྒྱལ་རིགས་སྒྲ་གཅན་འཛིན། རྣམ་སྦྱར་གྱི་གྲྭ་རྟགས་ཨུཏྤལ། པདྨ། རིན་པོ་ཆེ། ཤིང་ལོ་བཞིའོ། ། མིང་འདོགས་ལུགས་དཔལ། འོད། གྲགས་པ། བཟང་པོའི་མཐའ་ཅན་ནོ། ། (2)ཕལ་ཆེན་པ་ནི། སྐད་པྲ་ཀྲི་ཏ། མཁན་པོ་བྲམ་ཟེའི་རིགས་འོད་སྲུང་། གྲྭ་རྟགས་དུང་ངོ་། ། མིང་ཡེ་ཤེས། སྦས་པ། སྙིང་པོའི་མཐའ་ནོ། ། (3)གནས་བརྟན་པ་ནི། སྐད་བི་ཤ་ཙི། མཁན་པོ་རྗེ་རིགས་ཀཏྱ་ན། གྲྭ་རྟགས་འཁོར་ལོ། མིང་ལྷ། འབྱུང་གནས། གོ་ཆའི་མཐའ་ཅན་ནོ། ། (4)མང་པོས་བཀུར་བ་ནི། སྐད་ཨ་བ་བྷི་ཤ། མཁན་ཆིས་ཀ། མིང་ཚུལ་ཁྲིམས། ཟླ་བ། སེང་གེ། སྦས་པའི་མཐའ་ཅན་ནོ། ། ཡང་བྱེ་བྲག་སྨྲ་བ་ལ། ཁ་ཆེ་བ་དང་། ཉི་འོག་པ་གཉིས། ཡང་། ཐེག་ཆེན་གྱི་མདོ་བཀར་ཁས་ལེན་པ་དང་། མི་ལེན་པ་གཉིས་རྣམས་སུ་ཡོད་དོ། ། ཐེག་དམན་གྲུབ་མཐའ་སྨྲ་བ། ཐེག་ཆེན་གྲུབ་མཐའ་སྨྲ་བ་གཉིས་སོ། ། མདོ་སྡེ་པའི་མིང་གི་རྣམ་གྲངས་གཉིས། མདོ་སྡེ་པ། དཔེ་སྟོན་པའོ། ། 2.མདོ་སྡེ་པའི་དབྱེ་བ་ལ་གཉིས་ཏེ། (1)ལུང་གི་རྗེས་འབྲངས་པ། (2)རིགས་པའི་རྗེས་འབྲངས་པའོ། ། 3.སེམས་ཙམ་པའི་མིང་གི་རྣམ་གྲངས་ལ་བདུན་སྟེ། སེམས་ཙམ་པ། དངོས་སྨྲ་བ། རྣམ་རིག་པ། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ། ཤེས་བྱ་རང་གིར་སྨྲ་བ། གཉིས་མེད་དུ་སྨྲ་བ། རྣམ་འབྱོར་སྤྱོད་པ་རྣམས་དོན་གཅིག་གོ ། ཤིང་རྟའི་སྲོལ་འབྱེད་ནི་འཕགས་པ་ཐོགས་མེད་དོ། ། སེམས་ཙམ་པའི་དབྱེ་བ་གཉིས་ནི། (1)ལུང་གི་རྗེས་འབྲངས་པ། (2)རིགས་པའི་རྗེས་འབྲངས་པའོ། ། རྟོན་པ་བཞི་ནི། [1]གང་ཟག་ལ་མི་རྟོན་ཆོས་ལ་རྟོན། [2]ཚིག་ལ་མི་རྟོན་དོན་ལ་རྟོན། [3]དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། [4]རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའོ། ། 4.དབུ་མ་པའི་མིང་གི་རྣམ་གྲངས་ལ་གསུམ་སྟེ། དབུ་མ་པ། ངོ་བོ་ཉིད་མེད་པར་སྨྲ་བ། བདེན་མེད་དུ་སྨྲ་བའོ། ། དབུ་མ་པའི་དབྱེ་བ་གཉིས་ནི། (1)རང་རྒྱུད་པ། (2)དབུ་མ་ཐལ་འགྱུར་བའོ། ། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་བོ། ། དབུ་མ་རང་རྒྱུད་པའི་དབྱེ་བ་གཉིས་ནི། ། [1]རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། [2]མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའོ། ། དབུ་མ་ཐལ་འགྱུར་བའི་མིང་གི་རྣམ་གྲངས་གསུམ་ནི། [1]ཐལ་འགྱུར་བ། [2]གཞན་གྲགས་པ། [3]རབ་ཏུ་མི་གནས་པའི་དབུ་མ་པའོ། ། སློབ་དཔོན་ནི། སངས་རྒྱས་བརྐྱངས། ཟླ་བ་གྲགས་པ། ཞི་བ་ལྷ་ལ་སོགས་པའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་540.3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number