3834
Tibetan | མི་འཇིགས་པ་རྣམ་པ་བཞི། |
---|---|
Tibetan Alternate | |
Tibetan Definition | འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་ལས་བྱུང་བ་ཁག་གཅིག་སྟེ།
1.འདི་ལྟ་སྟེ། ང་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལ་འདི་ལ་ཆོས་འདི་མངོན་པར་སངས་མ་རྒྱས་སོ། ཞེས་ང་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ། ། མི་འཇིགས་པ་ཐོབ་པར་གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ། ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ། ། ཞེས་བྱ་བ་འདི་ནི། གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་མི་འཇིགས་པ་དང་པོའོ། ། 2.ང་ཟག་པ་ཟད་པ་ལ་དེ་ལ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། ཞེས་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ། ། མི་འཇིགས་པ་ཐོབ་པར་གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ། ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ། ། ཞེས་བྱ་བ་འདི་ནི། གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་མི་འཇིགས་པ་གཉིས་པའོ ། 3.གོང་ངས་བར་དུ་གཅོད་པའི་ཆོས་སུ་བསྟན་པ་དེ་དག་ལ་བརྟེན་ན་བར་དུ་གཅོད་པའི་ཆོས་སུ་མི་འགྱུར་རོ། ། ཞེས་ང་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ། ། མི་འཇིགས་པ་ཐོབ་པར་གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ། ། ཞེས་བྱ་བ་འདི་ནི། གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་མི་འཇིགས་པ་གསུམ་པའོ། ། 4.གང་ངས་འཕགས་པའི་ངེས་པར་འབྱུང་བར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ཆོས་བཤད་པ་དེ་ལ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དབུགས་འབྱིན་པ་ཐོབ་པར་གནས་སོ། ། བག་ཚ་བ་མེད་པ་ཐོབ་པར་གནས་སོ། བདེ་བ་ཐོབ་པར་གནས་སོ། ། མི་འཇིགས་པ་ཐོབ་པར་གནས་སོ། ། འཁོར་གྱི་ནང་དུ་གཤེགས་ཏེ་སེངྒེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ། ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ། ། ཞེས་བྱ་བ་འདི་ནི། གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་མི་འཇིགས་པ་བཞི་པའོ། ། |
Tibetan Source | 《མདོ་ཐ་པ་》ཤ་86ན་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |