3867
Tibetan | མི་རིགས་བཞི། |
---|---|
Tibetan Alternate | |
Tibetan Definition | འདི་ལ་ཁག་གཉིས་ཡོད་པ་སྟེ།
སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་ཁག་གཅིག་སྟེ། 1.བྲམ་ཟེའི་རིགས་ནི། དེ་དག་གི་ནང་ནས་སེམས་ཅན་འགའ་ཞིག་གིས་འདི་སྙམ་དུ་བསམས་ནས། ནད་ཀྱིས་ཡོངས་སུ་བར་དུ་གཅོད་པ་དང་། ལྦ་བའི་བར་ཆད་དང་། ཟུག་རྔུའི་བར་ཆད་གང་ཡིན་པ་བདག་གིས་བར་ཆད་རྣམས་སྤངས་ནས་དགོན་པར་ཕྱིན་ལ་རྩྭ་དང་། ཤིང་དང་། ལོ་མ་དང་། འདབ་མ་དང་། ཡལ་ག་རྣམས་ལས་རྩྭའི་སྤྱིལ་བུ་དང་། ལོ་མའི་སྤྱིལ་བུ་བྱས་ནས་བསམ་གཏན་བྱེད་ཅིང་གནས་ཏེ། དུས་ཚིགས་སུ་ཟས་དོན་དུ་གཉེར་བར་ནང་པར་གྲོང་དུ་བསོད་སྙོམས་སུ་རྒྱུའོ། ། དེ་ནས་གྲོང་ཁྱེར་ན་གནས་པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མ། སེམས་ཅན་འདི་དག་ནི་མཆོག་ཏུ་དགའ་བ་བྱེད་པ་སྟེ། བདག་ཏུ་འཛིན་པ་ཡོངས་སུ་སྤངས་ནས་གྲོང་དང་། གྲོང་ཁྱེར་དང་། ཡུལ་ནས་འཕགས་པས། དེ་དག་ལ་ཕྱི་རོལ་ལ་དགའ་བ། ཕྱི་རོལ་ལ་དགའ་བ་ཞེས་ཐ་སྙད་དུ་བྱས་སོ། ། དེ་ལ་ཡང་། གྲོང་ཁྱེར་ལ་དགའ་བའི་སེམས་ཅན་རྣམས་བཀུར་སྟིར་བྱེད། བླ་མར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ཅིང་དེ་དག་ལ་སྦྱིན་པར་སེམས་སོ། དེ་ན་སེམས་ཅན་དེ་དག་ཉིད་སེམས་ཅན་གཞན་ཁྲིམས་ལ་གནས་པའི་ནོར་དོན་དུ་གཉེར་བར་གྲོང་ཁྱེར་དུ་བབས་ནས་སྔགས་ཀྱི་ཚིག་ཀློབ་ཏུ་འཇུག་གོ ། དེ་ལ་གྲོང་ཁྱེར་ནི་གནས་པ་རྣམས་འདི་སྐད་དུ་འདི་འབའ་ཞིག་ཡིན་གྱི། སེམས་ཅན་གཞན་ཀློག་ཏུ་འཇུག་པས་སེམས་ཅན་དེ་ལ་ཀློག་ཏུ་འཇུག་པ། ཀློག་ཏུ་འཇུག་པ་ཞེས་འཇིག་རྟེན་གྱི་ཐ་སྙད་དུ་བྱས་སོ། ། རྒྱུ་འདི་དང་། རྐྱེན་འདིས་འཇིག་རྟེན་དུ་བྲམ་ཟེའི་རིགས་བྱུང་བར་གྱུར་ཏོ། ། གཞན་ཡང་། གཅིག་ཏུ་ཐ་སྙད་བྱས་པ་བཤད་པར་བྱ་བ་འདི་ལྟ་སྟེ། ཚངས་པའི་འཇིག་རྟེན་དུ་དེ་རིག་བྱེད་ཀློག་པར་བྱེད་པས་ཚངས་པའོ ། ལྷའི་དཀའ་ཐུབ་མཆོག་ཏུ་གྱུར་པས་ལྷའི་དབང་པོའི་ཀོ་ཤི་ཀའི་རིག་བྱེད་ཀློག་པར་བྱེད་ཅིང་ལྷའི་དབང་པོ་གོ་ཏ་མའི་རིག་བྱེད་ཀློག་པས་ན་མཉེས་བྱེད་གཽ་ཏ་མ། དཀར་གནས་གཽ་ཏ་མ། དཀར་གནས་གཽ་ཏ་མ་ཞེས་བརྗོད་ཅིང་དཀར་གནས་གཽ་ཏ་མ་ཞེས་ཟེར་རོ། ། མཁས་པ་བཟང་པོ་ལས་རིག་བྱེད་ཀློག་པས་ན་བཟང་པོའི་རིག་བྱེད་ཀློག་ཅེས་བྱའོ། ། འདི་ལྟ་སྟེ། རིག་བྱེད་རྣམ་པར་འབྱེད་ཅིང་འདི་ལྟར་རྒྱས་པར་རྣམ་པར་འགྲེལ་ཞིང་ཕྱོགས་དང་། སྡེབ་སྦྱོར་གྱི་ཚོགས་སྟོན་པའི་སློབ་དཔོན་ནི་ཉི་ཤུ་རྩ་གཅིག་གོ ལམ་གྱི་མཆོད་སྦྱིན་དང་། སྲིད་སྲུང་གི་སྡེ་རྣམས་རྣམ་པར་འགྲེལ་བས་ན་བྲམ་ཟེ་དེ་དག་ཐམས་ཅད་ལ་འཆད་པ་བྱ་འོ། ། གཅིག་ཏུ་གྱུར་པ་ལས་ཉི་ཤུ་རྩ་ལྔར་ཕྱེ་བ་ནི། འདི་ལྟ་སྟེ། སྐེམ་འཛིན་དང་། རྒྱུས་འཛིན་དང་། སྙིང་པོ་ཞེས་བྱ་སྟེ། སྐེམ་འཛིན་ནི་བཅུའོ། ། རྒྱས་འཛིན་ནི་བརྒྱད་དོ། ། སྙིང་པོ་ནི་བདུན་ནོ། ། འདི་དག་ནི་བྲམ་ཟེ་རྣམས་ཀྱིས་གཅིག་ཏུ་གྱུར་པ་ལས་བྱེ་བྲག་ཉི་ཤུ་རྩ་ལྔར་རྣམ་པར་འགྲེལ་ཏོ། ། རྗེས་སུ་དཔག་པའི་ཚད་མས་སྡེབ་སྦྱོར་འདོན་པའོ། ། ཕྱོགས་གཅིག་ཏུ་གྱུར་པ་ལས་རྣམ་པ་སྟོང་དུ་བསྟན་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་ཤིང་ཤུན་དང་། དགོན་པ་དང་། འཇིག་རྟེན་གྱི་མིག་དང་། གཽ་ཏ་མ་དང་། བྲམ་ཟེ་དང་མཉམ་པ་དང་། ཆེན་པོ་དང་མཉམ་པ་དང་། བཞོན་པ་ཆེན་པོ་དང་ལྡན་པ་དང་། བདེན་བྲག་དང་། རིག་བྱེད་ཐམས་ཅད་པའོ། ། དེ་ནས་ཚུལ་ཁྲིམས་ཤིང་ཤུན་ལ་ནི་ཉི་ཤུའོ། ། དགོན་པ་ནི་མཚན་མ་ཉི་ཤུའོ། ། འཇིག་རྟེན་གྱི་མིག་ལ་ནི་ཉི་ཤུ་རྩ་བཞིའོ། ། གཽ་ཏ་མ་ལ་ནི་བརྒྱའོ། ། བྲམ་ཟེ་དང་མཉམ་པ་ལ་ནི་བརྒྱའོ། ། ཆེན་པོ་དང་མཉམ་པ་ལ་ནི་ལྔ་བརྒྱའོ། ། བཞོན་པ་ཆེན་པོ་ལ་ནི་བརྒྱའོ། ། བདེན་བྲག་ལ་ནི་བརྒྱའོ། ། རིག་བྱེད་ཐམས་ཅད་ལ་ནི་བརྒྱ་སྟེ། འདི་དག་ནི་བྲམ་ཟེའི་སྡེབ་སྦྱོར་འདོན་པའི་ཆའི་ཕྱོགས་གཅིག་ཏུ་གྱུར་པའི་ལས་རྣམས་སྟོང་དུ་ཕྱེ་ནས་བསྟན་པའོ། ། བྲམ་ཟེ་རྣམས་ཀྱི་རྗེས་སུ་དཔག་པའི་ཚད་མ་འདིས་ལམ་མཚོན་པ་ནི་བྲམ་ཟེ་རྣམས་ཀྱི་ཐམས་ཅད་ཀྱི་ལམ་མོ། ། ལམ་གཅིག་ཏུ་གྱུར་པ་ལས་ཉི་ཤུ་རྩ་གཅིག་ཏུ་ཕྱེ་བ་ནི། འདི་ལྟ་སྟེ། ཀ་ཐ་དང་། ཡིད་སྡུད་དང་། གནས་སྡེ་དང་། རྒྱལ་བའི་རྣ་དང་། རང་གི་རྐང་མཆོག་གོ ། དེ་ལས་ཐ་ཀ་ནི་བཅུའོ། ། ཡིད་སྡུད་ལ་ནི་བཅུའོ། ། གནས་སྡེ་ལ་ནི་བཅུ་གཅིག་གོ རྒྱལ་བའི་རྣ་ལ་ནི་བཅུ་གསུམ་མོ། ། རང་གི་རྐང་མཆོག་ལ་ནི་བཅུ་དྲུག་གོ དྲང་སྲོང་ནི་བཞི་བཅུ་ཚུ་གཅིག་སྟེ། འདི་ལྟར་བྲམ་ཟེ་ལམ་གྱི་ཆ་ནི་ཉི་ཤུ་རྩ་གཅིག་ཏུ་གྱུར་པ་ལས་ཉི་ཤུ་རྩ་གཅིག་ཏུ་ཕྱེ་བ་ཡིན་ནོ། ། བྲམ་ཟེ་རྣམས་ཀྱི་རྗེས་སུ་དཔག་པའི་ཚད་མ་ནི་སྲིད་སྲུང་གི་སྡེ་ཚན་རྣམས་ཡིན་ནོ། ། མཆོད་སྦྱིན་ལས་གཅིག་ཏུ་གྱུར་པ་ལས་གཉིས་སུ་དབྱེའོ། ། འབྱུང་བ་རྣམ་པ་བཞི་ལས་དབྱེ་བ་བྱས་པས་བརྒྱད་དོ། ། བརྒྱད་པ་ལས་དབྱེ་བ་བྱས་པས་ཉི་ཤུ་རྩ་གཉིས་སོ། ། འདི་དག་ནི་སྲིད་སྲུང་གི་དབྱེ་བའི་མཆོད་སྦྱིན་གཅིག་ཏུ་བསྡུས་པ་ཡང་ཉི་ཤུ་རྩ་གཉིས་སོ། ། བྲམ་ཟེ་རྣམས་ཀྱི་རྗེས་སུ་དཔག་པའི་ཚད་མ་ལ་ཐ་དད་པར་དབྱེ་ན་བརྒྱ་ཉི་ཤུ་རྩ་གཉིས་སོ། ། ཡང་རིག་བྱེད་བཅུ་དྲུག་གི་དབྱེ་བ་སྔོན་གྱི་བྲམ་ཟེ་གང་ཡིན་པ་རྣམས་ཀྱིས་ཡང་དག་པར་བསྟན་ཏོ། ། འདོན་པ་ནི་གནས་དང་། བྱཱ་ཀ་ར་ན་དང་། འཇིག་རྟེན་རྒྱང་འཕེན་པའི་གཙུག་ལག་དང་། རྐང་པ་དང་། སྤྱོད་པའི་གཙུག་ལག་དང་། འདི་དག་རྣམས་ལས་མི་ཤེས་པ་མེད་དེ། ཁོང་དུ་ཆུད་དོ། ། དེ་བས་ན་འདི་དག་ཐམས་ཅད་གཅིག་ཉིད་དུ་ཤེས་པར་བྱས་ཏེ། གཅིག་ཏུ་གྲུབ་པ་ཡིན་ཏེ། དེ་བས་ན་འདི་དག་ནི་འཇིག་རྟེན་གྱི་མིང་ཙམ་ཏེ། ཐ་སྙད་ཙམ་དུ་བསྟན་ཏོ། ། 2.སེམས་ཅན་མི་འདྲ་ས་རྣམས་དང་། དེ་བཞིན་འདྲ་བ་དེ་དག་གི་ནང་ནས་སེམས་ཅན་འགའ་ཞིག་གིས་འབྲས་ཀྱི་ཞིང་གཅིག་ཏུ་རྨོས་ཤིང་བསྲུངས་ནས་བདག་གིར་བྱས་སོ། ། དེ་ལྟ་བུ་དེ་རྣམས་ལ་རྒྱལ་རིགས་ཞེས་ཐ་སྙད་དུ་བྱའོ། ། 3.སེམས་ཅན་གཞན་དག་ནི། དུས་ལ་བབ་ན་རིགས་པས་ལས་ཀྱི་མཐའ་བྱེད་པས་དེ་དག་ལ་རྗེ་རིགས་ཞེས་ཐ་སྙད་དུ་བྱས་སོ། ། རྒྱུ་འདི་དང་། རྐྱེན་འདིས་འཇིག་རྟེན་དུ་རྗེ་རིགས་བྱུང་བར་གྱུར་ཏོ། ། 4.སེམས་ཅན་གཞན་དག་ནི་སྨད་པའི་ལས་བྱེད་པས་བདག་འཚོ་བས་ན་དེ་དག་ལ་དམངས་རིགས་ཞེས་ཐ་སྙད་དུ་བྱས་སོ། ། རྒྱུ་འདི་དང་རྐྱེན་འདིས་འཇིག་རྟེན་དུ་དམངས་རིགས་བྱུང་བར་གྱུར་ཏོ། ། སྔོན་བྱུང་བ་ན་སྐྱེ་དགུ་གཞན་ཞིག་བག་མ་ལེན་དུ་ཤིང་རྟ་ཞོན་ནས་དགོན་པའི་ཕྱོགས་གཞན་ཞིག་ཏུ་ཕྱིན་པ་དང། ཕྱོགས་དེར་ཤིང་རྟ་ཆག་པས་དེ་བས་ན་གདོལ་པ། གདོལ་པ་ཞེས་ཐ་སྙད་དུ་བྱས་སོ། ། ཞིང་རྨོ་བ་ལ་ཞིང་པ། ཞིང་པ་ཞེས་ཐ་སྙད་དུ་བྱས་སོ། ། དེ་ དག་ལ་སེམས་ཅན་འགའ་ཞིག་གིས་ཚོང་བྱས་ནས་འཚོ་བར་བྱེད་པས་ཚོང་པ། ཚོང་པ་ཞེས་ཐ་སྙད་དུ་བྱས་སོ། ། |
Tibetan Source | 《མདོ་ཨ་པ་》ཤ་387ན4་ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |