3944
Tibetan | ཚངས་པའི་གནས་པ་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ།
1.འདི་ལ་དགེ་སློང་གིས་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་བ། མི་གཉིས་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་ཤིང་དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། དེ་བཞིན་བཞི་པ་དང་། བླ་དང་འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ཐམས་ཅད་དུ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱུ་ཆེན་པོར་གྱུར་བ། མི་གཉིས་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ། 2.དེ་བཞིན་དུ་སྙིང་རྗེ་དང་ལྡན་པ། 3.དགའ་བ་དང་ལྡན་པ། 4.བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། མི་གཉིས་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་པར་བྱས་ནས་ཁྱབ་པར་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་སྟེ། འདི་དག་ནི་ཚངས་པའི་གནས་པའོ། ། |
Tibetan Source | 《མདོ་ལ་པ་》ཤ་269བ་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |