4706

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:58, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དགེ་འདུན་ལྔ།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་ལ་བྱུང་བ་སྟེ།

1.ངོ་ཚ་མེད་པའི་དགེ་འདུན་ནི། གང་ན་དགེ་སློང་ཚུལ་ཁྲིམས་འཆལ་ཞིང་སྡིག་པའི་ཆོས་དང་ལྡན་པའོ། ། 2.ལུག་ལྟར་ལྐུགས་པའི་དགེ་འདུན་ནི། གང་ན་མདོ་སྡེ་འཛིན་པ་མ་ཡིན། འདུལ་བ་འཛིན་པ་མ་ཡིན། མ་མོ་འཛིན་པ་མ་ཡིན་པའོ། ། 3.ཚོགས་ཀྱི་དགེ་འདུན་ནི། གང་ན་ཚོགས་དང་འབྲེལ་བས་ལས་རྣམས་བྱེད་པའོ། ། 4.ཀུན་རྫོབ་ཀྱི་དགེ་འདུན་ནི། སོ་སོ་སྐྱེ་བོ་དགེ་བ་དང་ལྡན་པའོ། ། 5.དོན་དམ་པའི་དགེ་འདུན་ནི། སློབ་པ་དང་མི་སློབ་པའི་སྐྱེས་བུ་གང་ཟག་བརྒྱད་དོ། ། དེ་ལ་དགེ་འདུན་གོང་མ་གསུམ་པོ་ནི། ཆོས་མ་ཡིན་པའི་ལས་བྱེད་པ་འཐོབ་བོ། ཀུན་རྫོབ་ཀྱི་དགེ་འདུན་ནི། ཆོས་ཀྱི་ལས་དང་ཆོས་མ་ཡིན་པའི་ལས་བྱེད་པ་འཐོབ་པའོ། ། དོན་དམ་པའི་དགེ་འདུན་ནི། ཆོས་མ་ཡིན་པའི་ལས་བྱེད་པ་མི་འཐོབ་བོ། །

Tibetan Source 《འདུལ་བ་ཁ་པ་》ཤ་279བ་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number