4731

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:59, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དགེ་སློང་གྲོང་དུ་སོང་ན་ཉེས་དམིགས་རིག་པར་བྱ་བ་རྣམ་པ་ལྔ།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞུང་དམ་པ་ལས་བྱུང་བ་ལྟར་ན་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.དགེ་སློང་འཁོད་བཞིན་དུ་འདུ་ཤེས་པར་མ་བྱས་པར་དུས་མ་ཡིན་པར་གྲོང་གི་ནང་དུ་འགྲོ་བ། 2.ལེགས་པར་མ་བརྟགས་པར་སྟན་ལ་འདུག་པ། 3.བུད་མེད་ལ་ཚིག་ལྔ་ལས་ལྷག་པར་ཆོས་འཆད་པ། 4.བུད་མེད་དང་ལྷན་ཅིག་གཉིས་སུ་སྟན་ཅིག་ལ་འདུག་པ། 5.སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་སྟན་ལ་འདུག་པའོ། ། ཁག་གཉིས་པ། 1.བུད་མེད་ལ་རྒྱུན་དུ་ལྟ་བ། 2.བལྟ་ཞིང་གཏམ་སེར་བ། 3.གཏམ་སེར་བོ་ལས་འདྲིས་པ། 4.འདྲིས་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། 5.ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་ནས་ཚངས་པར་སྤྱོད་པ་ལ་མི་དགའ་བར་འགྱུར་ཞིང་། ཉེས་པ་ལྕི་བ་འབྱུང་བའམ། བསླབ་པ་ཕུལ་བའམ། སླར་བབས་པར་གྱུར་པའི་བར་དུའོ། །

Tibetan Source 《འདུལ་བ་པ་པ་》ཤ79ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number