4805
Tibetan | རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་ལྟུང་བའི་རྩ་བ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1.རྒྱལ་རིགས་རྒྱལ་ཐོབས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་པར་བྱེད། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་པར་བྱེད་དམ། འཕྲོག་ཏུ་འཇུག་པར་བྱེད་པའོ། ། 2.གང་ཡང་ཆོས་སྤོང་བར་བྱེད་དེ། ཉན་ཐོས་ཀྱི་ངེས་པར་འབྱུང་བ་བཤད་པའམ། རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་བཤད་པ་སྤོང་བར་བྱེད། འགོག་པར་བྱེད། སྦེད་པར་བྱེད་པའོ། ། 3.གང་ཡང་ངའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་པ་བསླབ་པ་འཛིན་ཀྱང་རུང་། བསླབ་པ་མི་འཛིན་ཀྱང་རུང་། ཚུལ་ཁྲིམས་འཆལ་ཀྱང་རུང་། ཚུལ་ཁྲིམས་དང་ལྡན་ཡང་རུང་སྟེ། དེའི་གོས་ངུར་སྨྲིག་དག་འཕྲོག་ཅིང་འཛིན་པ་བྱེད་དམ། ལུས་ལ་ཆད་པས་གཅོད་པར་བྱེད་དམ། བཙོན་རར་འཇིག་པར་བྱེད། སྲོག་དང་འབྲལ་བར་བྱེད་པའོ། ། 4.ཡང་རྒྱལ་རིགས་གང་གི་ཆེད་དུ་བསམ་སྟེ་མའི་སྲོག་གཅོད། ཕ་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པར་བྱེད། དགེ་འདུན་འདུས་པ་འབྱེད་པར་བྱེད། ཆེད་དུ་བསམ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲུག་འབྱིན་པར་བྱེད་ན། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་འབྱུང་བར་བྱེད་པའོ། ། 5.ཡང་རྒྱལ་རིགས་གང་རྒྱུ་མེད་པར་སྨྲ་བར་འགྱུར། འཇིག་རྟེན་ཕ་རོལ་ཡལ་བར་འདོར་བར་བྱེད། མི་དགེ་བའི་ལས་ཀྱི་ལམ་བཅུ་བླངས་ཤིང་འཇུག་པར་བྱེད། སེམས་ཅན་མང་པོ་གཞན་དག་ཀྱང་མི་དགེ་བའི་ལས་ཀྱི་ལམ་བཅུ་ཡང་དག་པར་འཛིན་དུ་འཇུག འདུལ་བར་བྱེད། འཇུག་པར་བྱེད། འཇོག་པར་བྱེད་པའོ། ། |
Tibetan Source | 《མདོ་ཞ་པ་》ཤ་43བ་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |