5264
Tibetan | འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་དཔལ་བྱེད་པའི་ཆོས་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།
1.བཟོད་པ་ནི། དེ་ལ་བཟོད་པའི་མཚན་ཉིད་རྣམ་པ་གསུམ་སྟེ། (1)མི་འཁྲུགས་པ། (2)ཕྱིར་གནོད་པ་མི་བྱེད་པ། (3)ཁོན་གྱི་བསམ་པ་མི་འཛིན་པའོ། ། བཟོད་པའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་སྟེ། (1)གནོད་པ་བྱས་པ་བཟོད་པ། (2)གནོད་པ་བྱེད་པ་ཉེ་བར་གནས་པ་བཟོད་པ། (3)གནོད་པ་བྱེད་དུ་དོགས་པ་བཟོད་པ། (4)གནོད་པ་བྱེད་པ་ལ་ཕན་འདོགས་པ་ལ་བཟོད་པ། (5)ཕན་འདོགས་པ་གནོད་པ་བྱེད་པ་བཟོད་པ། (6)གནོད་པ་བྱེད་པ་ཐམས་ཅད་བཟོད་པ། (7)ཐམས་ཅད་ལས་གནོད་པ་བྱེད་པ་བཟོད་པ། (8)གནོད་པ་བྱེད་པ་ཤད་ཀྱིས་སྦྱོང་བ་དང་དུ་ལེན་པའི་བཟོད་པ། (9)གནོད་པ་བྱེད་པ་ལ་སོ་སོར་རྟོག་པའི་སྟོབས་ཀྱིས་བཟོད་པ། (10)གནོད་པ་བྱེད་པའི་རང་བཞིན་གྱིས་བཟོད་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་གནོད་པ་ལ་མི་བྱེད་པའི་བཟོད་པའོ། ། 2.དེས་པ་ནི། གཞན་གྱིས་གནོད་པ་བྱས་པ་ལ་ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྲུང་བའི་ངང་ཚུལ་ཅན་ཉིད་ཡིན་ཏེ་གཞན་དག་ལ་བདེ་བ་དང་ཡིད་བདེ་བ་ཁ་ན་མ་ཐོ་བ་མེད་པ་མ་སྐྱེས་པ་ནི་སྐྱེད་པར་མི་བྱེད་ལ། སྐྱེས་པ་ནི་རྗེས་སུ་སྲུང་བར་བྱེད་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ཁ་ན་མ་ཐོ་བ་དང་བཅས་པ་མ་སྐྱེས་པ་ནི་མི་སྐྱེད་ལ། སྐྱེས་པ་ནི་སེལ་བར་བྱེད་པའོ། ། 3.མི་ཡོངས་སུ་བརྟག་པ་ནི། དུས་གཉིས་སུ་བལྟ་བར་བྱའོ། ། བསྙེན་པའི་དུས་དང་། བསྐོ་བའི་དུས་སོ། ། དེ་ལ་བསྙེན་པའི་དུས་སུ་ནི་རྣམ་པ་ལྔས་མི་ཡོངས་སུ་བརྟགས་ནས་བསྙེན་པར་བྱ་སྟེ། (1)གུས་པ། (2)ནུས་པ། (3)ཤེས་པ། (4)སྤྱོད་པ། (5)ཆོག་ཤེས་པའོ། ། གཞན་རྣམ་པ་ལྔས་ནི་མི་ཡོངས་སུ་བརྟགས་ནས་བསྐོ་བར་བྱ་སྟེ། (1)ལས་ཀྱི་མཐར་བསྐོ་བར་འོས་པ་ཞིག་ན་ནི་ལས་ཀྱི་མཐའ་རྣམས་སུ་བསྐོ་བར་བྱའོ། ། (2)བསམ་པའི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་བསམ་པའི་ལས་སུ་རྣམས་སུ་བསྐོ་བར་བྱའོ། ། (3)གཡུལ་ངོའི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་གཡུལ་ངོའི་ལས་རྣམས་སུ་བསྐོ་བར་བྱའོ། ། (4)བདག་དང་ནོར་བསྲུང་བར་བསྐོ་བར་འོས་པ་ཞིག་ན་ནི་བདག་ཉིད་དང་ནོར་བསྲུང་བའི་ལས་རྣམས་སུ་བསྐོ་བར་བྱའོ། ། (5)ཆོས་ཀྱི་ལས་སུ་བསྐོ་བར་འོས་པ་ཞིག་ན་ནི་ཆོས་ཀྱི་ལས་རྣམས་སུ་བསྐོ་བར་བྱ་བའོ། ། 4.གཏོང་བ་སྤྱོད་པ་ནི། དེ་མདོར་བསྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ། (1)ས་གཞི་གཏོང་བ། (2)ལོངས་སྤྱོད་གཏོང་བ། (3)རྐྱེན་དུ་འབབ་པ་གཏོང་བ། (4)སྙོམས་པར་གཏོང་བ། (5)ཁྱད་པར་དུ་འཕགས་པ་གཏོང་བ་སྟེ། དེ་ཡང་མཚན་ཉིད་ལས་ནི་གང་གིས་སྦྱིན་པར་བྱེད་པ་དེ་གཏོང་བའོ། སྤྱོད་པ་ནི་གཞན་དག་ལ་མི་འཁུ་བ་དང་མི་སླུ་བའི་ངང་ཚུལ་ཉིད་དེ། མི་འཁུ་བ་དེ་ཡང་རྣམ་པ་ལྔ་སྟེ། (1)དམས་པ་ན་མི་འཁུ་བ། (2)ཡིད་བརྟན་པ་ལ་མི་འཁུ་བ། (3)ཉེ་བར་སྤྱོད་པས་མི་འཁུ་བ། (4)དམ་བཅས་པ་ལས་མི་འཁུ་བ། (5)གཞན་ལ་ཚོལ་ཞིང་མི་འཁུ་བའོ། ། 5.བག་ཡོད་པ་ནི། དགེ་བའི་ཆོས་རྣམས་བསྒོམ་པ་དང་མི་དགེ་བ་ལས་སེམས་སྲུང་བ་གང་ཡིན་པ་སྟེ། རྒྱུ་དང་འབྲས་བུར་འབྲེལ་པ་ལས་དེ་གཉི་གའང་མཚན་ཉིད་དུ་རུང་བའོ། ། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། (1)ལོངས་སྤྱོད་བསྒྲུབ་པ་ལ་བག་ཡོད་པ། (2)ལོངས་སྤྱོད་བསྲུང་བ་ལ་བག་ཡོད་པ། (3)བདག་ཉིད་བསྲུང་བ་ལ་བག་ཡོད་པ། (4)གྲགས་པ་བསྲུང་བ་ལ་བག་ཡོད་པ། (5)ཆོས་སྤྱོད་པ་ལ་བག་ཡོད་པའོ། ། དེ་དག་ཐམས་ཅད་བསྡུས་ན་དཔལ་སྒྲུབ་པར་བྱེད་པའི་སྟོབས་ལྔར་འགྱུར་ཏེ། (1)ངང་ཚུལ་བཟང་པོའི་སྟོབས། (2)གྲོགས་དང་མཛའ་བཤེས་བཟང་པོའི་སྟོབས། (3)མི་ཞན་པའི་སྟོབས། (4)ཡིད་གཅུགས་པའི་སྟོབས། (5)ཆོས་ཀྱི་སྟོབས་སོ། ། དཔལ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། (1)སྐྱེ་དགུ་རྗེས་སུ་དགའ་བ། (2)དབང་ཕྱུག་གི་བདག་པོ། (3)དག་ཐུལ་བ། (4)བརྟེན་པ་ལ་ཕན་པ། (5)བདེ་འགྲོར་འགྲོ་བའོ། ། དེ་ལ་སྟོབས་དང་པོ་བཞིས་བསྡུས་པ་ནི། དཔལ་རྣམ་པ་བཞི་སྒྲུབ་པར་བྱེད་པ་ཡིན་པར་བལྟ་བར་བྱའོ། ། སྟོབས་ལྔ་པ་ནི་དཔལ་ལྔ་པ་སྒྲུབ་པར་བྱེད་པ་ཡིན་ནོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་99ན་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |