5366
Tibetan | དཔག་ཏུ་མེད་པ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ནི། སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་ནི་ཡིད་ཀྱི་ས་ལས་འབྱུང་བ་བཞིན་ཏེ། རྒྱུད་ཀྱི་བྱེ་བྲག་གི་དཔག་ཏུ་མེད་པའོ། ། 2.འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ནི། འཇིག་རྟེན་གྱི་ཁམས་རྣམས་ནི་ཕྱོགས་བཅུ་དག་ཏུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེད་དེ། དཔེར་ན་འདི་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དེ། དེའི་མིང་ལས་མི་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་བཞིན་ནོ། ། 3.ཆོས་ཀྱི་ཁམས་དཔག་ཏུ་མེད་པ་ནི། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་རབ་ཏུ་དབྱེ་བའི་ཚུལ་གྱིས་དཔག་ཏུ་མེད་པར་རིག་པར་བྱའོ། ། 4.འདུལ་བའི་ཁམས་དཔག་ཏུ་མེད་པ་ནི། སེམས་ཅན་ཁམས་ཐམས་ཅད་འདུལ་བ་ཡིན་པའི་ཕྱིར། འདུལ་བ་ནི་གཅིག་ཏུ་འགྱུར་རོ། ། འདུལ་བ་རྣམ་པ་གཉིས་ཀྱང་ཡོད་དེ། (1)མཐའ་དག་གིས་བཅིངས་པ། (2)མཐའ་དག་མ་ཡིན་པས་བཅིངས་པའོ། ། འདུལ་བ་རྣམ་པ་གསུམ་ནི། (1)དབང་པོ་རྟུལ་པོ། (2)དབང་པོ་འབྲིང་། (3)དབང་པོ་རྣོན་པོའོ། ། འདུལ་བ་རྣམ་པ་བཞི་ནི། (1)རྒྱལ་རིགས། (2)བྲམ་ཟེ་རིགས། (3)རྗེའུ་རིགས། (4)དམངས་རིགས་སོ། ། འདུལ་བ་རྣམ་པ་ལྔ་ནི། (1)འདོད་ཆགས་ལ་སྤྱོད་པ། (2)ཞེ་སྡང་ལ་སྤྱོད་པ། (3)གཏི་མུག་ལ་སྤྱོད་པ། (4)ང་རྒྱལ་སྤྱོད་པ། (5)རྣམ་པར་རྟོག་པ་སྤྱོད་པའོ། ། འདུལ་བ་རྣམ་པ་དྲུག་ནི། (1)ཁྱིམ་པ། (2)རབ་ཏུ་བྱུང་བ། (3)ཡོངས་སུ་མ་སྨིན་པ། (4)ཡོངས་སུ་སྨིན་པ། (5)རྣམ་པར་གྲོལ་བ། (6)རྣམ་པར་མ་གྲོལ་བའོ། ། འདུལ་བ་རྣམ་པ་བདུན་ནི། (1)ཞེ་འགྲས་པ། (2)ཐ་མལ་པ། (3)སྤྲོས་པས་ཤེས་པ། (4)མགོ་གླེངས་པས་ཤེས་པ། (5)དེའི་མོད་ལ་འདུལ་བར་གྱུར་པ། (6)ཕྱིས་འདུལ་བར་གྱུར་པ། ། (7)རྐྱེན་ལས་གྱུར་བའི་འདུལ་བའོ། ། འདུལ་བ་རྣམ་པ་བརྒྱད་ནི། འཁོར་བརྒྱད་དེ། རྒྱལ་རིགས་ཀྱི་འཁོར་ལ་སོགས་པ་ནས་ཚངས་པའི་འཁོར་གྱི་བར་རོ། ། འདུལ་བ་རྣམ་པ་དགུ་ནི། (1)དེ་བཞིན་གཤེགས་པས་འདུལ་བ། (2)ཉན་ཐོས་དང་རང་སངས་རྒྱས་ཀྱིས་འདུལ་བ། (3)བྱང་ཆུབ་སེམས་དཔས་འདུལ་བ། (4)བསྒྲུབ་པར་དཀའ་བ། (5)བསྒྲུབ་པར་སླ་བ། (6)འཇམ་པོར་བསྒྲུབ་པར་བྱ་བ། (7)ཚར་གཅད་པས་བསྒྲུབ་པར་བྱ་བ། (8)རྒྱང་རིང་པོ་ནས་འདུལ་བ། (9)དྲུང་ནས་འདུལ་བའོ། འདུལ་བ་རྣམ་པ་བཅུ་ནི། (1)སེམས་ཅན་དམྱལ་བ། (2)དུད་འགྲོའི་སྐྱེ་གནས། (3)གཤིན་རྗེའི་འཇིག་རྟེན་པ། (4)འདོད་པ་ན་སྤྱོད་པའི་ལྷ། (5)མི། (6)བར་མ་དོའི་སྲིད་པ། (7)གཟུགས་ཅན་དང་། གཟུགས་མེད་པ། (8)འདུ་ཤེས་ཅན་དང་། འདུ་ཤེས་མེད་པ། (9)འདུ་ཤེས་ཅན་ཡང་མ་ཡིན་པ། (10)འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་སྟེ། འདི་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་ལྔ་བཅུ་རྩ་ལྔའོ། ། རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཚད་མེད་པར་རིག་པར་བྱའོ། ། དེ་ལ་སེམས་ཅན་གྱི་ཁམས་དང་། འདུལ་བའི་ཁམས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རིགས་ལ་གནས་པ་དང། རིགས་ལ་གནས་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་ཁམས་སུ་བྱེ་བྲག་མེད་དོ། ། རིགས་ལ་གནས་པ་གནས་སྐབས་དེ་དང་དེ་དག་ཏུ་གནས་པ་གང་ཡིན་པ་དེ་ནི་འདུལ་བའི་ཁམས་ཞེས་བྱའོ། ། 5.འདུལ་བའི་ཐབས་དཔག་ཏུ་མེད་པ་ནི། དེ་དག་བསྡུས་ན་དཔག་ཏུ་མེད་པ་ལྔར་འགྱུར་བ་ནི། (1)བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་གི་དོན་ལ་སྦྱོར་བའོ། ། (2)སེམས་ཅན་དེ་དག་གང་ལ་གནས་པ་ཡང་དམིགས་པའོ། ། (3)སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པར་གྱུར་པ་དམིགས་པའོ། ། (4)སེམས་ཅན་དེ་དག་གི་ནང་ནས་སེམས་ཅན་གང་དག་སྐལ་བ་དང་ལྡན་ཞིང་། གཏན་དུ་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱེད་ནུས་པར་མཐོང་བའོ། ། (5)སེམས་ཅན་དེ་དག་ཉིད་རྣམ་པར་ཐར་བར་བྱ་བའི་ཐབས་གང་ཡིན་པའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་15བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |