6189
Tibetan | གང་ཟག་གི་རྣམ་གྲངས་དྲུག |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།
1. དགེ་སྦྱོང་ལ་རྣམ་པ་བཞི་སྟེ། (1)ལམ་རྒྱལ་བ་ནི། བདེ་བར་གཤེགས་པ་གང་ཡིན་པ་དེ་ནི་ལམ་རྒྱལ་བའོ། ། (2)ལམ་སྟོན་པ་ནི། ཆོས་སྨྲས་པ་གང་ཡིན་པ་དེ་ནི་ལམ་སྟོན་པའོ། ། (3)ལམ་གྱིས་འཚོ་བ་ནི། ལེགས་པར་ཞུགས་པ་དེ་ནི་ལམ་གྱིས་འཚོ་བའོ། ། (4)ལམ་སུན་པར་བྱེད་པ་ནི། ལོག་པར་ཞུགས་པ་ནི་དེ་ནི་ལམ་སུན་འབྱིན་པར་བྱེད་པའོ། ། 2. བྲམ་ཟེ་ལ་རྣམ་པ་གསུམ་སྟེ། (1)རིགས་བྲམ་ཟེ་ནི། དེ་ལ་རིགས་བྲམ་ཟེ་ཞེས་བྱ་བ་ནི་བྲམ་ཟེའི་རིགས་སུ་སྐྱེས་པ། སྐྱེ་གནས་ནས་སྐྱེས་ཤིང་མ་ལས་བྱུང་བ་ཕ་མ་དང་ལྡན་པ་གང་ཡིན་པའོ། ། (2)མིང་བྲམ་ཟེ་ནི། འཇིག་རྟེན་ན་བྲམ་ཟེ་ཞེས་མིང་དང་འདུ་ཤེས་དང་། བརྡར་བཏགས་ཤིང་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། ། (3)སྒྲུབ་པ་བྲམ་ཟེ་ནི། ཤིན་ཏུ་མཐར་ཐུག་ཅིང་དོན་བྱས་པ་སྟེ། དེས་སྡིག་པ་མི་དགེ་བ་ཆོས་རྣམས་བསལ་བ་གང་ཡིན་པ་སྟེ། ཇི་སྐད་དུ། དོན་བྱས་བྲམ་ཟེར་འདོད་པའི་ཕྱིར། ། བྲམ་ཟེ་ལ་ནི་བྱ་བ་མེད། ། ཅེས་གསུངས་པ་ལྟ་བུའོ། ། 3. ཚངས་པར་སྤྱོད་པ་ནི། ཚངས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྤངས་ཤིང་ཡང་དག་པར་བླངས་པ། དེ་ལ་བར་ཆད་མེད་པས་སྤངས་པ། དེ་གཏན་སྤངས་པ་དང་གསུམ་མོ། ། དེ་ལས། (1)སྤངས་ཤིང་ཡང་དག་པར་བླངས་པ་ནི། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྤངས་ཤིང་། བསླབ་པ་ཡང་དག་པར་བླངས་པ་གང་ཡིན་པའོ། ། (2)དེ་ལ་བར་ཆད་མེད་པས་སྤངས་པ་ནི། སོ་སོའི་སྐྱེ་བོའི་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་གང་ཡིན་པའོ། ། (3)དེ་གཏན་སྤངས་པ་ནི། ཕྱིར་མི་འོང་བའམ། དགྲ་བཅོམ་པ་ཉིད་གང་ཡིན་པའོ། ། 4. དགེ་སློང་ལ་རྣམ་པ་ལྔ་སྟེ། (1)སློང་བའི་ཕྱིར་དགེ་སློང་། (2)ཁས་འཆེ་བའི་ཕྱིར་དགེ་སློང་། (3)མིང་གི་དགེ་སློང་། (4)ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་། (5)གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ་། ། 5. སྡོམ་བརྩོན་ནི། སྡོམ་བརྩོན་པ་ནི་རྣམ་པ་གསུམ་སྟེ། (1)ཚུལ་ཁྲིམས་འཆལ་པ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། ལུས་དང་ངག་གི་ལས་མི་དགེ་བ་སྤངས་པ་གང་ཡིན་པའོ། ། (2)ཡུལ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང་། དྲན་པ་ཀུན་ཏུ་བསྲུངས་པ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱས་པར་སྔ་མ་ལྟ་བུའོ། ། (3)ཉོན་མོངས་པ་ཡང་དག་པར་སྡོམ་པའི་ཕྱིར་སྡོམ་བརྩོན་པ་ནི། གང་གིས་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་སྟེ། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་བྱུང་ངོ་ཅོག་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་འཆབ་པ་དང་། འཚིག་པ་ལ་སོགས་པ་ངན་སོང་དང་མཐུན་པ་སེམས་ཅན་དམྱལ་བར་འགྲོ་བ། ངན་འགྲོར་འགྲོ་བ། དགེ་སྦྱོང་བྱེད་པ་མ་ཡིན་པ་བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་པ་གང་ཡིན་པའོ། ། ཉོན་མོངས་པ་ཡང་དག་པར་སྡོམ་པ་དེ་ཡང་རྣམ་པ་གཉིས་ཏེ། [1]ཀུན་ནས་དཀྲིས་པ་ཡང་དག་པར་སྡོམ་པ། [2]བག་ལ་ཉལ་ཡང་དག་པར་སྡོམ་པའོ། ། 6. རབ་ཏུ་བྱུང་བ་ནི། རབ་ཏུ་བྱུང་བ་རྣམ་པ་གཉིས་ཏེ། (1)ལེགས་པར་གསུངས་པའི་ཆོས་འདུལ་བ་དང་ལྡན་པ་ནི། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའོ། ། གཞན་ཡང་བདག་ཉིད་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རབ་ཏུ་བྱུང་བར་བྱེད་པ་གང་ཡིན་པ་དེ་ནི་དོན་དམ་པའི་སྒོ་ནས་རབ་ཏུ་བྱུང་བ་ཞེས་བྱའོ། ། (2)ཉེས་པར་བཤད་པའི་ཆོས་འདུལ་བ་དང་ལྡན་པ་ནི། འདི་ལྟ་སྟེ། མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་པའམ། ཀུན་ཏུ་རྒྱུའམ། ཐལ་པ་ཅན་ནམ། དཀའ་ཐུབ་ཆེན་པོའམ། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་རྣམས་སོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་123བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |