7707

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:11, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དགེ་སློང་གི་རྙེད་པ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་ལས་བྱུང་བ་སྟེ།

1. མཚམས་ཀྱིས་ཐོབ་པའི་རྙེད་པ་ནི། གནས་གཉིས་ལ་གསོ་སྦྱོང་གཅིག་པ་སྟེ། གཙུག་ལག་ཁང་དེ་གཉིས་ཀྱི་རྙེད་པ་གང་ཡིན་པ་དེ་ནི། གཙུག་ལག་ཁང་དེ་གཉིས་ཀའི་གཉུག་མར་གནས་པའི་དགེ་སློང་རྣམས་ཀྱི་ཡིན་ནོ། ། 2. ཁྲིམས་ཀྱིས་ཐོབ་པའི་རྙེད་པ་ནི། དགེ་སློང་རྣམས་འདི་ལྟ་བུ་ཁྲིམས་སུ་བཅའ་བ། ཁྱེད་ཀྱི་ནི། ཁྱིམ་ཆེ་གེ་མོ་ཞིག་གོ ཁོ་བོ་ཅག་ནི། ཁྱིམ་ཆེ་གེ་མོ་ཞིག་གོ ལམ་པོ་ཆེ་དང་། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་ནི། སྤྱིའི་ཡིན་ནོ་ཞེས་བྱ་བར་དམ་བཅས་པའོ། ། 3. རྟེན་གྱིས་རྙེད་པ་ནི། དགེ་སློང་སྐྱེས་པའམ། བུད་མེད་དམ། མ་ནིང་གང་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་པ་དེས་རྙེད་པ་བྱིན་པ་གང་ཡིན་པ་དེ་ནི། དེ་ཁོ་ནའི་ཡིན་ཏེ། འདི་ནི་རྟེན་གྱིས་ཐོབ་པའི་སྙེད་པ་ཞེས་བྱའོ། ། 4. དགེ་འདུན་གྱིས་བརྟགས་པའི་རྙེད་པ་ནི། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱིས་ཕྱེ་བ་སྟེ། འདི་ནི་དགེ་འདུན་གྱིས་བརྟགས་པའི་རྙེད་པའོ། ། 5. དགེ་སློང་གིས་བརྟགས་པའི་རྙེད་པ་ནི། རྙེད་པ་གང་ཞིག་ངེས་ལ་དམིགས་ཀྱིས་ཕྱེ་ནས་གནས་ཁང་པའིའོ། ། ཡང་ཐོག་པའིའོ། ། ཁང་པ་བརྩེགས་པའིའོ། ཞེས་བརྟགས་པ་ནི། དེ་ན་གནས་པ་གང་ཡིན་པ་དེ་ཁོ་ནའི་སྟེ། འདི་ནི། དགེ་སློང་གིས་བརྟགས་རྙེད་པ་ཞེས་བྱའོ། ། 6. དབྱར་གྱི་རྙེད་པ་ནི། རྙེད་པ་གང་ཞིག་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་བདག་རྣམས་ཀྱིས་བཅས་པ་སྟེ། འདི་ནི། དབྱར་གྱི་རྙེད་པ་ཞེས་བྱའོ། ། 7. མངོན་སུམ་གྱི་རྙེད་པ་ནི། རྙེད་པ་གང་ཞིག་མ་ངེས་ལ་དམིགས་ཀྱིས་མ་ཕྱེ་བ་སྟེ། འདི་ནི། མངོན་སུམ་གྱི་སྙེད་པ་ཞེས་བྱའོ། ། 8. སོ་སོར་བསྟན་པའི་རྙེད་པ་ནི། རྙེད་པ་གང་ཞིག་བལྟམས་པ་དང་། བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཕུལ་བ་སྟེ། གལ་ཏེ་མཆོད་རྟེན་ཆེན་པོ་བཞིར་འཁྱེར་མི་ནུས་ན། མཆོད་རྟེན་གཅིག་ཁོ་ན་ལ་དབུལ་གྱི། གཞན་ལ་མ་ཡིན་པ་སྟེ། འདི་ནི། སོ་སོར་བསྟན་པའི་རྙེད་པ་ཞེས་བྱའོ། །

Tibetan Source 《འདུལ་བ་ཁ་པ་》ཤ་144ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number