7813
Tibetan | ཉམས་ལྡན་གྱི་རྒྱན་བརྒྱད། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཉམས་ལྡན་རྒྱན་གྱི་ངོ་བོ་ནི། སྒེག་སོགས་ཉམས་བརྒྱད་གང་རུང་གི། ། རྣམ་འགྱུར་སྟོན་པ་ཉམས་ལྡན་རྒྱན། ། ཞེས་སོ། །
1. སྒེག་པའི་ཉམས་ནི། ཁྱད་འཕགས་ཡོན་ཏན་ལྡན་པ་ཡི། ། ཉམས་འགྱུར་བརྗོད་པ་སྒེག་པའི་ཉམས། ། ཞེས་སོ། ། 2. དྲག་ཤུལ་གྱི་ཉམས་ནི། ཁྲོས་པའི་ཉམས་ཀྱིས་ཕྱི་རོལ་ཏུ། ། དྲག་ཤུལ་ཆེ་སྟོན་དྲག་ཤུལ་ཉམས། །ཞེས་སོ། ། 3. དཔའ་བའི་ཉམས་ནི། ཕུན་ཚོགས་ཡོན་ཏན་ལྡན་པ་ལས། ། སྤྲོ་བ་འཕེལ་སྟོན་དཔའ་བའི་ཉམས། ། ཞེས་སོ། ། 4. སྙིང་རྗེའི་ཉམས་ནི། སྡུག་བསྔལ་རྒྱུ་དང་དེ་འབྲས་ལ། ། སྤྱོད་པར་མི་བཟོད་སྙིང་རྗེའི་ཉམས། ། ཞེས་སོ། ། 5. མི་སྡུག་པའི་ཉམས་ནི། ཡིད་དུ་མི་འོང་དངོས་པོ་ཡིས། ། ཞེ་ལོག་སྐྱེད་བྱེད་མི་སྡུག་ཉམས། ། ཞེས་སོ། ། 6. བཞད་གད་ཀྱི་ཉམས་ནི། བརྗོད་པའི་ཚིག་དེས་ཉན་པ་པོར། ། བཞད་གད་འཕེལ་བྱེད་བཞད་གད་ཉམས། ། ཞེས་སོ། ། 7. རྨད་བྱུང་གི་ཉམས་ནི། སྔོན་མེད་ཁྱད་འཕགས་ཡོན་ཏན་གྱིས། ། ངོ་མཚར་སྐྱེས་སྟོན་རྨད་བྱུང་ཉམས། ། ཞེས་སོ། ། 8. འཇིགས་རུང་གི་ཉམས་ནི། འཇིགས་སུ་རུང་བའི་རྒྱུ་གང་ལས། ། སྐྲག་པའི་ཉམས་སྟོན་འཇིགས་རུང་ཉམས། ། ཞེས་སོ། ། |
Tibetan Source | 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་》མཚོ་སྔོན་ལྕགས་པར་མ་ཤ་598.2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |