7831
Jump to navigation
Jump to search
Tibetan | གཏམ་གྱི་ཉེས་པ་བརྒྱད། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་བྱུང་བ་སྟེ།
1. ཉལ་བ་དང་འཁྲེས་པ་སོགས་ལ་ཞེན་ནས་ཆོས་འཆད་པར་མི་སྤྲོ་བའི་ལེ་ལོ། 2. ཆོས་བཤད་ཀྱང་རང་གི་ཇི་བཞིན་མ་རྟོགས་པའམ་ཚིག་གམ་དོན་གསལ་བར་མ་བསྟན་པས་རྟོགས་བྱའི་ཆོས་མི་གོ་བ། 3. ཆོས་བསྟན་པས་མི་འདོད་པས་ཆོས་བསྟན་པའི་སྐབས་མི་འབྱེད་པ། 4. མ་ངེས་པའམ་ངེས་དོན་མིན་པ་ནི་ངེས་དོན་གྱི་ཆོས་མི་འཆད་པར་དྲང་དོན་འཆད་པའམ། ཡང་ན་རྒྱས་པར་མ་བཤད་པས་གཞན་གྱིས་དེའི་དོན་མ་ངེས་པ། 5. ཆོས་བསྟན་ཀྱང་གདུལ་བྱ་རྣམས་གང་ལ་སོམ་ཉི་ཟ་བའི་ཐེ་ཚོམ་དག་ནི་མི་གཅོད་པ། 6. ཐེ་ཚོམ་དེ་དང་བྲལ་བར་ཡང་ཡང་རྣམ་གྲངས་སྣ་ཚོགས་ཀྱིས་གཏན་ལ་དབབ་སྟེ་བསྟན་པར་མི་བྱེད་པ། 7. ཆོས་འཆད་པ་ལ་དཀའ་ཚེགས་ཀྱི་འདུ་ཤེས་ཀྱིས་སྐྱོ་བ། 8. ཆོས་ལ་སེར་སྣ་བྱས་ཏེ་འཆབ་པ་ཉིད་དོ། ། |
Tibetan Source | 《མི་ཕམ་བཀའ་འབུམ་ཨ་པ་》ཤ་166བ་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |