7868
Jump to navigation
Jump to search
Tibetan | ཐིམ་ལུགས་བརྒྱད། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཚིག་དོན་མཛོད་ལས་བྱུང་བ་སྟེ།
1. ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། ། 2. ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། ། 3. འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། ། 4. སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། ། 5. གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། ། 6. མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། ། 7. དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། ། 8. མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ། ། དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། ། |
Tibetan Source | 《ཀློང་ཆེན་མཛོད་བདུན་ག་པ་》ཤ་164བ་4ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |