8205
| Tibetan | མཛོད་ཀྱི་གནས་བརྒྱད། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། མཛོད་ཅེས་པ་ནི་མངོན་པ་སྡེ་བདུན་གྱི་བརྗོད་དོན་གང་བཟང་བཟང་ཐམས་ཅད་མངོན་པ་འདིར་འདུས་པས། དཔེར་ན་རལ་གྲིའི་ཤུབས་ལྟ་བུ་ཡིན་པའི་མཛོད་ཀྱི་གནས་བརྒྱད་ཀྱིས་ཟག་བཅས་ཟག་མེད་བསྟན་ཚུལ་ཏེ།
1. གནས་དང་པོས་ཁམས་བསྟན་པ། 2. གནས་གཉིས་པས་དབང་པོ་བསྟན་པ་གཉིས་ཀྱི་ཟག་བཅས་ཟག་མེད་ཐུན་མོང་བའམ་སྤྱིར་བསྟན། 3. གནས་གསུམ་པས་འཇིག་རྟེན་བསྟན་པ། 4. གནས་བཞི་པས་ལས་བསྟན་པ། 5. གནས་ལྔ་པས་ཉོན་མོངས་ཕྲ་རྒྱས་བསྟན་པ་གསུམ་གྱིས་ཟག་བཅས་བྱེ་བྲག་ཏུ་བཤད། 6. གནས་དྲུག་པས་ལམ་དང་གང་ཟག་བསྟན་པ། 7. གནས་བདུན་པས་ཡེ་ཤེས་བསྟན་པ། 8. གནས་བརྒྱད་པས་སྙོམས་འཇུག་བསྟན་པ་གསུམ་གྱིས་ཟག་མེད་བྱེ་བྲག་ཏུ་བཤད་པ་དང་བརྒྱད་དོ། ། ཡང་། གནས་དང་པོ་གཉིས་ཀྱིས་ཇི་སྙེད་པ་བསྟན། ལྷག་མ་དྲུག་གིས་ཇི་ལྟ་བ་བསྟན་ཏེ། གནས་གསུམ་པས་སྡུག་བསྔལ་བདེན་པ། གནས་བཞི་པས་ལས་ཀྱི་ཀུན་འབྱུང་། གནས་ལྔ་པས་ཉོན་མོངས་པའི་ཀུན་འབྱུང་དང་དེ་སྤངས་པའི་འགོག་བདེན། གནས་བདུན་པས་ལམ་བདེན་དེ་སྒོམ་པ་པོའི་གང་ཟག གནས་བརྒྱད་པས་ལམ་བདེན་བསྐྱེད་བྱེད་ཀྱི་རྒྱུ་སྙོམས་འཇུག་བསམ་གཟུགས་བརྒྱད་སོགས་བསྟན་པས་བདེན་པ་བཞི་མི་རྟག་སོགས་བཅུ་དྲུག་བསྟན་ལ། མི་རྟག་སོགས་བཅུ་དྲུག་གང་རུང་ཡིན་ན་དེ་ཁོ་ན་ཉིད་ཡིན་པས་མ་ཁྱབ་ཀྱང་། མི་རྟག་སོགས་བཅུ་དྲུག་ངོ་བོ་ཙམ་རང་ལྡོག་ལ་བྱེ་མདོ་གཉིས་ཀས་དེ་ཁོ་ན་ཉིད་དང་ཤེས་བྱ་ཡིན་པར་བཞེད་དེ། དཔེར་ན་གང་ཟག་གི་བདག་མེད་དེ་ཁོ་ན་ཉིད་ཡིན་ཀྱང་། དེ་ཡིན་ན་དེ་ཁོ་ན་ཉིད་ཡིན་མི་དགོས་ཏེ་ཤེས་བྱ་ཐམས་ཅད་གང་ཟག་གི་བདག་མེད་ཡིན་པ་བཞིན་ནོ། ། |
| Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་546.20ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |