8929
Jump to navigation
Jump to search
Tibetan | འཇིགས་པ་མེད་པའི་ཕན་ཡོན་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ།
1. འཇིགས་པ་མེད་པར་གྲོང་དུ་འཇུག་པ། 2. འཇིགས་པ་མེད་པར་གྲོང་ནས་འབྱུང་བ། 3. འཇིགས་པ་མེད་པར་ཁྱིམ་རྣམས་སུ་འགྲོ་བ། 4. འཇིགས་པ་མེད་པར་འཁོར་ལ་ཆོས་སྟོན་པ། 5. འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ། 6. འཇིགས་པ་མེད་པར་སློབ་དཔོན་དང་། མཁན་པོའི་དྲུང་དུ་འགྲོ་བ། 7. འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་གན་དུ་འགྲོ་བ། 8. འཇིགས་པ་མེད་པར་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་སྦྱོར་བ། 9. འཇིགས་པ་མེད་པར་ཁ་ཏོན་འདོན་པ། 10 .འཇིགས་པ་མེད་པར་འཆི་བའི་དུས་བྱེད་པའོ། ། |
Tibetan Source | 《མདོ་ལ་པ་》ཤ་454བ་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |