8981

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:16, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ལྟོ་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྟོ་བཅུ་སྟེ། 1.བསམ་པ་དག་པས་གཡོ་མེད་པའི་ལྟོ།

2. དྲང་བས་སྒྱུ་མེད་པའི་ལྟོ། 3. ཐིབས་པོ་མེད་པས་འཆོས་པ་མེད་པའི་ལྟོ། 4. དངོས་པོ་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པས་ཡུལ་ལ་མི་འཛིན་པའི་ལྟོ། 5. ཤེས་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་སེལ་བའི་ལྟོ། 6. སྐྱོན་མེད་པའི་ཕྱིར་སེམས་དག་པའི་ལྟོ། 7. ཆོས་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་ཁ་ཟས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་སོ་སོར་རྟོག་པའི་ལྟོ། 8. རྟེན་ཅིང་འབྲེལ་པར་འབྱུང་བ་རྗེས་སུ་རྟོགས་པར་བྱ་བའི་ཕྱིར། མངོན་པར་འདུ་མི་བྱེད་པ་སོ་སོར་རྟོག་པའི་ལྟོ། 9. བསམ་པ་ཤིན་ཏུ་སྨིན་པས་འབྱུང་བ་ཐམས་ཅད་ཤེས་པའི་ལྟོ། 10 .སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུའི་ནང་དུ་ཆུད་པ་ཁོང་དུ་ཆུད་པའི་ཕྱིར། དྲི་མ་མཐའ་ཡས་པའི་ལྟ་བ་ཐམས་ཅད་དང་བྲལ་བའི་ལྟོའོ། །

Tibetan Source 《ཕལ་ཆེན་ང་པ་》ཤ་318བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number