9352

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 14:18, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ།

1. འདི་ལ་བྱང་ཆུབ་སེམས་དཔའ་ཡང་དག་པའི་མཐའི་གནས་ཀྱིས་གནས་ཀྱང་། སྨོན་ལམ་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ་མངོན་དུ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་དང་པོའོ། ། 2. གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པར་བྱ་བ་ཡང་། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱིས་ཀླས་པར་སེམས་བསྐྱེད་པས་སྐྱེད་པར་བྱེད་ལ། ཆོས་གང་ལ་ཡང་མངོན་པར་ཆགས་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་གཉིས་པའོ། ། 3. གཞན་ཡང་བྱང་ཆུབ་སེམས་དཔའ་སྤྲུལ་པ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཆོས་ཐམས་ཅད་རབ་ཏུ་ཞི་བས་སྤྱོད་ཀྱང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མགོ་རྨོངས་པ་ཡང་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་གསུམ་པའོ། ། 4. གཞན་ཡང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་ལས་གྱེན་དུ་འཕགས་པའི་ཡིད་ལ་བྱ་བས་བསྐལ་པ་བརྗོད་དུ་མེད་པར་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཀྱང་ཡོངས་སུ་སྐྱོ་བ་མི་སྐྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བཞི་པའོ། ། 5. གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པས། ཆོས་ཐམས་ཅད་ལ་མི་གནས་པར་སྤྱོད་ཀྱང་། ཐམས་ཅད་མཁྱེན་པར་འབྱུང་བའི་ཆོས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་ལྔ་པའོ། ། 6. གཞན་ཡང་བྱང་ཆུབ་སེམས་དཔའ་བསྐལ་པ་ཐམས་ཅད་བསྐལ་པ་མ་ཡིན་པ་ཡང་ཤེས་ལ། བསྐལ་པའི་གྲངས་ཀྱང་རབ་ཏུ་སྟོན་ཏེ། དེ་ཡང་ཡང་དག་པར་དེ་ཁོ་ན་བཞིན་དུ་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་དྲུག་པའོ། ། 7. གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་པར་ཡང་ཤེས་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར། མངོན་པར་འདུ་བའི་སྤྲོས་པ་ཡང་རྒྱུན་མི་གཅོད་པ་འདི་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བདུན་པའོ། ། 8. གཞན་ཡང་བྱང་ཆུབ་སེམས་དཔའ་ཁམས་གསུམ་ཐམས་ཅད་སེམས་ཙམ་དུ་འཇུག་སྟེ། དུས་གསུམ་ཡང་སེམས་ཙམ་དུ་ཤེས་ལ། སེམས་དེ་ཡང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་པ་འདི་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བརྒྱད་པའོ། ། 9. གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་དོན་དུ་ཡང་། ཐམས་ཅད་མཁྱེན་པའི་ས་ལ་རབ་ཏུ་གཞག་པའི་ཕྱིར་བསྐལ་པ་བརྗོད་དུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ལ། སེམས་ཅན་གཅིག་གི་དོན་དུ་ཇི་ལྟ་བ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་ཐམས་ཅད་མཁྱེན་པའི་ས་ལ་དགོད་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཀྱང་དུས་སུ་སྤྱོད་པས་ཡོངས་སུ་མི་སྐྱོ་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་དགུ་པའོ། ། 10 .གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཡོངས་སུ་རྫོགས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་ཞིང་། ཇི་སྲིད་ཇི་སྲིད་དུ་འཁོར་བ། དེ་སྲིད་དེ་སྲིད་དུ་སེམས་ཅན་གྱི་དོན་དུ་ཕྱི་ཕྱིར་ཞིང་ཚད་མེད་པར་བྱ་བར་འགྱུར་རོ། ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་རབ་ཏུ་དགོད་པར་འགྱུར་རོ་སྙམ་པ་འདི་ནི། བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བཅུ་པའོ། །

Tibetan Source 《ཕལ་ཆེན་ང་པ་》ཤ་247བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number