9357

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 14:18, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་ཏུ་ཕྱེ་བ་རྣམ་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1. འགྲན་ཟླ་མེད་པའི་དགེ་བའི་རྩ་བ་སོགས་པ། 2. བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དམིགས་པ་གཅིག་པ་ཉིད། 3. རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་མི་འབྲལ་བ་ཉིད། 4. སངས་རྒྱས་འབྱུང་བ་ཅི་དགར་སྟོན་པ་ཉིད། 5. རང་གི་སེམས་བསྐྱེད་པས་དེ་བཞིན་གཤེགས་པ་རབ་ཏུ་འབྱེད་པ་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ཉིད། 6. མ་ཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་པ་ཐོབ་པ་ཉིད། 7. འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བ་ཉིད། 8. འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བ་ཐོབ་པ་ཉིད། 9. སྐྱེ་བ་ཐམས་ཅད་དུ་རང་གི་ལུས་ཀྱི་རྗེས་སུ་འགྲོ་བ་ཉིད། 10 .ཐེག་པ་ཆེན་པོ་བསམ་གྱི་མི་ཁྱབ་པ་དང་ལྡན་པ་ཉིད་དོ། །

Tibetan Source 《བསྟན་འགྱུར་མདོ་སྡེ་ངི་པ་》ཤ་142ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number