9375

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 14:18, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དབང་བཅུ།
Tibetan Alternate
Tibetan Definition ཁག་བཞི་པ། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དབང་བཅུ་སྟེ།

1. འདི་ལྟར་བསྐལ་པ་བརྗོད་དུ་མེད་པར་ཚེའི་ཚད་བྱིན་གྱིས་རློབ་པས་ཚེ་ལ་དབང་བ། 2. ཏིང་ངེ་འཛིན་གྲངས་མེད་པ་ལ་ངེས་པར་རྟོགས་པར་གཞོག་ཅིང་། ཡེ་ཤེས་ཀྱིས་འཇུག་པའི་ཚུལ་གྱིས་སེམས་ལ་དབང་བ། 3. འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་རྣམ་པར་དབྱེ་བ་དུ་མས་རབ་ཏུ་བརྒྱན་པར་བྱིན་གྱིས་བརླབ་པར་སྟོན་པའི་ཚུལ་གྱིས་ཡོ་བྱད་ལ་དབང་བ། 4. དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་རློབ་པས་ལས་ལ་དབང་བ། 5. འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་བ། 6. འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བར་ལྟ་བས་མོས་པ་ལ་དབང་བ། 7. དུས་དང་ཞིང་གང་དུ་འདོད་པར་མངོན་པར་འཚང་རྒྱ་བས། སྨོན་ལམ་ལ་དབང་བ། 8. རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་ཐམས་ཅད་ཡོངས་སུ་སྟོན་པས་རྫུ་འཕྲུལ་ལ་དབང་བ། 9. ཆོས་ཀྱི་སྒོ་དང་། སྣང་བ་མཐའ་དང་དབུས་མེད་པ་ཡང་དག་པར་སྟོན་པས་ཆོས་ལ་དབང་བ། 10 .དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་བསྙེངས་པ་སྐད་ཅིག་ཏུ་གོ་བར་ཡོངས་སུ་སྟོན་པས། ཡེ་ཤེས་ལ་དབང་བའོ། །

Tibetan Source 《ཕལ་ཆེན་ང་པ་》ཤ་273བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number