9843
| Tibetan | བསོད་ནམས་ཀྱི་ཚོགས་ཚད་མེད་པ་བཅུ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བཅུ་སྟེ།
1. མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པས་ལུས་ཀྱི་རྒྱུན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 2. སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་དབྱངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པས་ངག་གི་རྒྱན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 3. སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པས་སེམས་ཀྱི་རྒྱུན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 4. སྤྱོད་པ་དང་ཡེ་ཤེས་དང་སྤྱོད་ལམ་ཚད་མེད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 5. རྣམ་པ་ཚོད་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 6. བསོད་ནམས་དང་སེམས་ངེས་པར་རྟོག་པ་དང་དཔྱོད་པ་ཚད་མེད་པས་སངས་རྒྱས་ཀྱི་སྤྱོད་ལམ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 7. རྒྱན་བཀོད་པ་ཐམས་ཅད་དང་། སྤྱོད་པ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 8. གཏན་པ་མེད་པའི་མཆོད་སྦྱིན་ཡོངས་སུ་རྫོགས་པས་མཛོད་སྤུ་ཡོངས་སུ་སྦྱང་བ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 9. བླ་མ་ལ་རིམ་གྲོ་བྱེད་ཅིང་འདུད་པ་ཚད་མེད་པ་དང་། ང་རྒྱལ་བཅོམ་པ་ཚད་མེད་པས་དབུའི་གཙུག་ཏོར་སྤྱི་གཙུག་བལྟར་མི་མཐོང་བ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ། 10. སྒྱུ་དང་གཡོ་མེད་པར་འོང་བ་དང་། འགྲོ་བ་དང་་མཐུན་པར་འཛིན་པས་དོན་ཡོད་པར་རྣམ་པར་གནོན་པ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བའོ། ། |
| Tibetan Source | 《མདོ་ད་པ་》ཤ་350ན་6ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |