10002
Tibetan | ས་བཅུ་གཅིག་གི་ཅིའི་སླད་ཀྱི་དོན་བསྟན་པ་བཅུ་གཅིག |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།
1. ས་དང་པོ་ནི་དོན་ཆེ་བ་འདྲིས་པོ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ། ། 2. ས་གཉིས་པ་ནི་ལྟུང་བ་ཕྲ་མོ་དང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཞེས་བྱའོ། ། 3. ས་གསུམ་པ་ནི་ཏིང་ངེ་འཛིན་དེ་དང་ཐོས་པའི་གཟུངས་དེ་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། ། 4. ས་བཞི་པ་ནི་ཉོན་མོངས་པའི་ཤིང་བསྲེག་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམས་པ་དེ་ཡེ་ཤེས་ཀྱི་མེའི་འོད་འཕྲོ་བར་གྱུར་པའི་ཕྱིར། འོད་འཕྲོ་བ་ཞེས་བྱའོ། ། 5. ས་ལྔ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་ཐབས་ཀྱིས་བསྒོམ་པ་དེ་ལ་དབང་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར། ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ། ། 6. སོ་དྲུག་པ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་གྱུར་པ་ཉིད་དང་། མཚན་མ་མེད་པ་ལ་ལན་མང་དུ་ཡིད་ལ་བྱེད་པ་མངོན་དུ་གྱུར་པའི་ཕྱིར། མངོན་དུ་གྱུར་པ་ཞེས་བྱའོ། ། 7. ས་བདུན་པ་ནི་མཚན་མ་མེད་པ་ལ་ཡིད་ལ་བྱེད་པ་ལ་བར་ཆད་མེད་ཅིང་རྒྱུན་མི་འཆད་པ་རིང་དུ་རྗེས་སུ་ཞུགས་པ་དང་། རྣམ་པར་དག་པའི་ས་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར། རིང་དུ་སོང་བ་ཞེས་བྱའོ། ། 8. ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པ་ཉིད་དང་། མཚན་མའི་ཉོན་མོངས་པ་ཀུན་ཏུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར། མི་གཡོ་བ་ཞེས་བྱའོ། ། 9. ས་དགུ་པ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱི་ཕྱིར། ལེགས་པའི་བློ་གྲོས་ཞེས་བྱའོ། ། 10. ས་བཅུ་པ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་སྐུ་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་བབས་པའི་ཕྱིར། ཆོས་ཀྱི་སྤྲིན་ཞེས་བྱའོ། ། 11. ས་བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པས། ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་81བ་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |