10045

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དགེ་སློང་གི་སྦྱང་བའི་ཡོན་ཏན་བཅུ་གཉིས།
Tibetan Alternate
Tibetan Definition 1. ཟས་ལ་ཆགས་པའི་གཉེན་པོ་གསུམ་སྟེ།

(1)བསོད་སྙོམས་པ། (2)སྟན་གཅིག་པ། (3)ཕྱིས་མི་ལེན་པའོ། ། 2. གོས་ལ་ཆགས་པའི་གཉེན་པོ་གསུམ་སྟེ། (1)ཆོས་གོས་གསུམ། (2)ཕྱིང་བ། (3)ཕྱག་དར་ཁྲོད་དོ། 3. གནས་ལ་ཆགས་པའི་གཉེན་པོ་གསུམ་སྟེ། (1)དགོན་པ། (2)ཤིང་དྲུང་པ། (3)བླ་གབ་མེད་པའོ། ། 4. ཉལ་བའི་མལ་སྟན་ལ་ཆགས་པའི་གཉེན་པོ་གསུམ་སྟེ། (1)ཙོག་པུ། (2)དུར་ཁྲོད་པ། (3)གཞི་ཇི་བཞིན་པའོ། དེ་ཡང་གཉེན་པོར་འགྲོ་ཚུལ་ཞིབ་པར་བཤད་ན། 1. བསོད་སྙོམས་པས་ཟས་བཟང་པོ་ལ་ཆགས་་པའི་གཉེན་པོར་འགྲོ་བ། 2. སྟན་གཅིག་པ་དང་། ཕྱིས་མི་ལེན་པས་ཟས་མང་པོ་ལ་ཆགས་པའི་གཉེན་པོར་འགྲོ་བ། 3. ཆོས་གོས་གསུམ་པས་གོས་མང་པོར་ཆགས་པའི་གཉེན་པོར་འགྲོ་བ། 4. ཕྱིང་བས་གོས་འཇམ་པའི་གཉེན་པོར་འགྲོ་བ། 5. ཕྱག་དར་གོས་ཀྱིས་གོས་བཟང་པོའི་གཉེན་པོར་འགྲོ་བ། 6. དགོན་པས་འདུ་འཛིའི་གཉེན་པོར་འགྲོ་བ། 7. ཤིང་དྲུང་བ་དང་བླ་གབ་མེད་པས་གནས་ལ་ཆགས་པའི་གཉེན་པོར་འགྲོ་བ། 8. ཙོག་པུ་བས་གློས་ཕབ་སྟེ་ཉལ་བའི་གཉེན་པོར་འགྲོ་བ། 9. དུར་ཁྲོད་པས་ཕྱིའི་ལོངས་སྤྱོད་དང་། ནང་སེམས་ཅན་གྱི་གཉེན་པོར་འགྲོ་བ། 10. གཞི་ཇི་བཞིན་པས་མལ་ལ་ཆགས་པའི་གཉེན་པོར་འགྲོ་བའོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤོག་ངོས་492ཕྲེང་10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number