10063

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan གཅིན་འགགས་པའི་ནད་ཀྱི་དབྱེ་བ་བཅུ་གཉིས།
Tibetan Alternate
Tibetan Definition གཅིན་སྲི་བ་བཞི་སྟེ།

1. རླུང་ལས་གྱུར་པ། 2. མཁྲིས་པ་ལས་གྱུར་པ། 3. བད་ཀན་ལས་གྱུར་པ། 4. འདུས་པ་ལས་གྱུར་པ་དང་བཞི། གཅིན་འགགས་པ་བརྒྱད་དེ། 1. སྒྲུང་པའི་ཁ་འཆུས་ནས་གཅིན་འགགས་པ། 2. ཐུར་སེལ་གྱི་རླུང་འཁྱིལ་ནས་གཅིན་འགགས་པ། 3. ཁྲག་འཁྲུགས་ནས་ག་པ་ནས་གཅིན་འགགས་པ། 4. སྤུ་ཡིས་གཅིན་འགགས་པ། 5. གཅིན་ལམ་སྐྲངས་ནས་གཅིན་འགགས་པ། 6. ཁུ་བ་ཡིས་གཅིན་འགགས་པ། 7. བཤང་བ་འགགས་པས་གཅིན་འགགས་པ། 8. རེའུས་གཅིན་འགགས་པ་དང་བརྒྱད་བཅས་སོ། ། གཅིན་འགགས་པའི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་ནི། དྲི་ཆུའམ་གཅིན་ནི། ཟས་སྐོམ་གང་ཟོས་པ་རྣམས་མེ་དྲོད་གསུམ་གྱིས་མྱག་བཞུ་དྭངས་སྙིགས་གྱི་རིམ་པ་མང་དུ་ཕྱེ་ནས་དྭངས་པའི་ཆ་རྣམས་ལུས་ཀྱི་ཟུངས་སུ་འགྲོ་བ་དང་། སྙིགས་མའི་སླ་བའི་ཆ་རྣམས་སྦུབས་ཕྲ་སྦོམ་སྣ་ཚོགས་བརྒྱད་དེ་མཐར་ཆུ་ཡི་སྣོད་ལྒང་པའི་ནང་དུ་སོག་པ་ཡིན། དེ་ཡང་སྣང་པའི་ཁ་ཉིད་ཐུར་དུ་བལྟས་པའི་གཡས་གཡོན་གྱི་ལྡེབས་ངོས་གཉིས་ལས་ཆུ་རྒྱུ་ཞིང་ལྒང་པར་གསོག་པར་བྱེད་པའི་རྩ་གཉིས་མཁལ་མ་དང་རྒྱུ་མར་འབྲེལ་ནས་ཡོད་པ་དེ་དག་ལ་ཟས་སྤྱོད་དང་གདོན་སོགས་ཀྱི་རྐྱེན་གྱིས་འདུ་བ་འཁྲུགས་པར་གྱུར་ནས་མཐར་ལྷང་པའི་རྩར་ཞུགས་ཏེ་གཅིན་འགགས་ནད་རྣམས་སྐྱེད་པར་བྱེད་པ་ཡིན་ནོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་གསུམ་པ་ཤ་66.10ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number