10112
Tibetan | བདུད་ཀྱི་ལྕགས་ཀྱུ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ།
1. བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མི་ཕངས་པའི་དངོས་པོ་ཡོངས་སུ་གཏང་བའི་སེམས་འཇུག་གི།ཕངས་པའི་དངོས་པོ་ཡོངས་སུ་གཏང་བའི་སེམས་མི་འཇུག་པ་དང་། སེམས་ཅན་གང་དག་དེ་ལ་དགའ་བར་གྱུར་པ་དེ་དག་ལ་ནི་སྦྱིན་པར་བགྱིད་སེམས་ཅན་གང་དག་དགའ་བར་མ་བྱུང་བ་དེ་དག་ལ་ནི་སྦྱིན་པར་མི་བགྱིད་ཅིང་དེས་དངོས་པོ་ཐ་དད་དུ་བགྱིད་སེམས་ཅན་ཐ་དད་དུ་བགྱིད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་དང་པོའོ། ། 2. གཞན་ཡང་། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་དུ་གྱུར་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས། ཁ་ན་མ་ཐོ་བ་ཕྲ་རབ་ལའང་འཇིགས་པར་ལྟ། འཚོ་བ་ཡོངས་སུ་དག ། བསླབ་པའི་གནས་ཡང་རེ་གནས་ཡང་དག་པར་བླངས་པ་རྣམས་ལ་སློབ་སྟེ། དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དང་བྲམ་ཟེ་ལ་བསྙེན་ཅིང་བསྟེན་ལ་བསྙེན་བཀུར་བགྱིད་དེ། ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་ཁྲོ་བ་དང་། སྡང་བ་དང་། ཞེ་འགྲས་པར་བགྱིད་ཅིང་ཚུལ་ཁྲིམས་དེ་ཉིད་ཀྱིས་བདག་ལ་བསྟོད་དེ་གཞན་ལ་སྨོད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་གཉིས་པའོ། ། 3. གཞན་ཡང་། བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་སྟེ། ལུས་ཀྱིས་ཀྱང་བཟོད། ངག་གིས་ཀྱང་བཟོད་ན་སེམས་ཀྱི་གནོད་པ་བགྱིད་དེ་སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི། བཟོད། སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི། མི་ཅན་སྟོབས་བས་དང་ལྡན་པ་རྣམས་ལ་ནི། བཟོད་པའི་སྟོབས་ཉེ་བར་སྟོན། སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི། གནོད་སེམས་ཀྱི་སེམས་ཀྱི་སྟོབས་ཉེ་བར་སྟོན་ཏེ། དེ་རེ་ཞིག་ནི། བཟོད། རེ་ཞིག་ནི། མི་བཟོད། ཁ་ཅིག་ལ་ནི། བཟོད། ཁ་ཅིག་ལ་ནི། མི་བཟོད་ལ། དེ་གང་གི་ཚེ་བཟོད་པ་དེའི་ཚེ་བཟོད་པས་རྒྱུགིས་དེ་རློམ་སེམས་སུ་བགྱིད། གང་གི་ཚེ་མི་བཟོད་པ་དེའི་ཚེ་ནི། མྱུར་དུ་སོ་སོར་མི་འཆགས་ན། བཅོམ་ལྡན་འདས། འདི་ནི། བྱང་ཆུབ་སེམས་དཔའི་བཟོད་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་གསུམ་པའོ། ། 4. གཞན་ཡང་། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པར་གྱུར་ལ། དེ་བརྩོན་འགྲུས་བརྩམས་པར་གནས་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ཀྱི། ཐེག་པ་ཆེན་པོ་ལ་སེམས་ཅན་ཡོངས་སུ་སྨིན་པར་མི་བགྱིད། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་རྒྱུན་དུ་སྟོན་གྱི། ། ཐེག་པ་ཆེན་པོའི་གཏམ་འཆབ་པར་བགྱིད། འཇིག་རྟེན་པའི་བགྱི་བ་ཞལ་ཏ་བགྱིད་པར་བརྩོན་གྱི། འཇིག་རྟེན་ལས་བཟོད་པ། སེམས་་པ་ལ་འདས་པའི་ཆོས་ཡོངས་སུ་མི་ཚོལ། ་དེ་བཞིན་གཤེགས་པ་ལ་མཆོད་པས་དགའ་བ་ཐོབ་སྟེ། འདི་ལྟ་སྟེ། མེ་ཏོག་དང་སྤོས་དང་། ཕྲེང་བ་དང་། བདུག་པ་དང་། བྱུག་པ་དང་། ཕྱི་མ་དང་། ་ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་བགྱིད་དེ། དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་པར་གྱུར་ཡང་ཐོས་པ་ཡོངས་སུ་བཙལ་བ་དང་། ཐོས་པ་བསྟན་པ་དང་། ཐོས་པ་ལ་སོ་སོར་བརྟག་པ་དང་། ཐོས་པ་སྒྲུབ་པར་བརྩོན་འགྲུས་མི་རྩོམ་ན། བཅོམ་ལྡན་འདས། འདི་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་བཞི་པའོ། ། 5. གཞན་ཡང་། བྱང་ཆུབ་སེམས་དཔའི་བསམ་གཏན་བཞི་སྐྱེད། གཟུགས་མ་མཆིས་པའི་སྙོམས་པར་འཇུག་པ་བཞི་སྐྱེད་ཅིང་སྒྲུབ་སྟེ། དེ་དག་ལ་རྒྱུན་དུ་མང་དུ་གནས་པར་གྱུར་ལ། དེ་ཞི་བའི་སྙོམས་པར་འཇུག་པ་དེ་དག་ལ་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལ་སྨོད། ཆོས་བསྟན་པ་ལ་སྨོད། སེམས་ཅན་དང་འདྲེ་བ་ལ་སྨོད། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད་ཅིང་མི་གཡོ་བའི་འདུ་བྱེད་ཀྱི་རོ་མྱང་བར་བགྱིད་ཅིང་། གཅིག་པུར་དགའ་བས་དགའ་བ་ཐོབ་སྟེ་འབད་པ་ཆུང་ངུས་གནས་པར་གྱུར་ནས་བསམ་གཏན་ལས་ལྡོག་པར་ཡོངས་སུ་མི་ཚོལ་གྱི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ལ་གསད་པར་འདུ་ཤེས་ཤིང་གཟུགས་མ་མཆིས་པའི་ཁམས་ཀྱི་རོ་མྱང་བར་བགྱིད་ལ། དེ་ལུས་དམན་པས་གཟུགས་མ་མཆིས་པའི་ཁོམས་རྣམས་སུ་སྐྱེ་བར་བགྱིད་ཅིང་ལྷ་ཚེ་རིང་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། དེ་དེར་སྐྱེས་ནས་ཀྱང་གང་སངས་རྒྱས་མང་པོ། སངས་ས་རྒྱས་བརྒྱ་ཕྲག་མང་པོ། སངས་རྒྱུས་སྟོང་ཕྲག་མང་པོ་མཉེས་པར་མི་བགྱིད་པ་དེའི་གནས་མ་མཆིས་སོ། ། སངས་རྒྱས་མཐོང་བ་དང་། ཆོས་མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་བྲལ་བར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དང་བྲལ་བར་འགྱུར། དེའི་དབང་པོ་རྣམས་བླུན་ཞིང་རྟུལ་བའི་རང་བཞིན་ཅན་དུ་འགྱུར། དེ་ནས་ཤི་འཕོས་ནས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་རྟུལ་བའི་རྒྱུད་ཅན་དུ་འགྱུར་ཞིང་རྨུགས་པ་དང་། གཉིད་ཆེ་བར་འགྱུར་བ་འདི་ནི། བཅོམ་ལྡན་འདས། ། བྱང་ཆུབ་སེམས་དཔའི་བ ་བསམ་གཏན་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་ལྔ་པའོ། ། 6. གཞན་ཡང་། བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པར་གྱུར་ཏེ་རྐྱེན་ཤིན་ཏུ་མཐོང་བའི་སླད་དུ་རྒྱུ་ཡོངས་སུ་ཤེས་པ་དང་ལྡན་པར་གྱུར། རྒྱུ་མ་མཆིས་པ་དང་། རྒྱུ་དང་བྲལ་བ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པར་གྱུར་ཏེ། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད། ཐབས་དང་བྲལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་མི་བགྱིད། ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པར་མི་བགྱིད་ལ། དེ་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མཆོག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཁྱད་པར་དུ་འཕགས་པ་སྟེ། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི། དམན་པའོ་སྙམ་ན། དེའི་དབང་པོ་ཡོངས་སུ་མ་སྨིན་པ་བཏང་སྙོམས་སུ་ལྟུང་བ་སྟེ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་མི་སྡུད་ཅིང་སྤྲོས་པ་མ་མཆིས་པ། མངོན་པར་འདུ་བགྱི་བ་མ་མཆིས་པ་དེ་ཉིད་ཀྱི་རོ་མྱང་བར་བགྱིད་པ་འདི་ནི། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའི་ཤེས་རབ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་དྲུག་པའོ། ། 7. གཞན་ཡང་། བྱང་ཆུབ་སེམས་དཔའ་དགོན་པར་གྱུར་ཏེ། བས་མཐའི་གནས་མལ་ལ་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོག་ཤེས་ཏེ་རབ་ཏུ་དབེན་ཅིང་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་སྟེ། དེ་དོན་ཉུང་བ་དང་། བགྱི་བ་ཉུང་བས་བདེ་བར་གནས་ཏེ་གཡོ་བ་མ་མཆིས་ཀྱང་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། ཆོས་མཉན་པ་ལ་བརྩོན་པར་མི་གནས། ཆོས་ཀྱི་འབེལ་པའི་བཀའ་མཚིད་དང་། དོན་རྣམ་པར་ངེས་པའི་བཀའ་མཆིད་བགྱི་བ་ལ་རྒྱུན་དགུམ་པར་སེམས་ཏེ། ཡོངས་སུ་འདྲི་བའི་རང་བཞིན་ཅན་མ་ལགས། དགེ་བ་ཅི་ཞེས་ཚོལ་བ་ལ་མི་བརྩོན། དེ་དགོན་པ་ལ་གནས་པ་དང་། ་གཅིག་པུར་དགའ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་རྒྱུ་བ་སྟེ། དེ་ཀུན་ནས་ལྡང་ཡོ་བ་གནོན་པ་ཙམ་གྱིས་དགའ་བ་ཐོབ་ཅིང་བག་ལ་ཉལ་ཡང་དག་པར་གཞོམ་པའི་སླད་དུ་ལམ་སྒོམ་པར་མི་བགྱིད། དེ་དེ་ན་བདག་གི་དོན་དང་། ། གཞན་གྱི་དོན་གྱི་སླད་དུ་བརྩོན་པར་མི་འགྱུར་པ་འདི་དག་ནི། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའི་དགོན་པ་ལ་གནས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་བདུན་པའོ། ། 8. གཞན་ཡང་། བྱང་ཆུབ་སེམས་དཔའ་མང་དུ་ཐོས་པར་གྱུར་ཏེ། ཆོས་ཀྱི་གཏམ་ཅན་ནི། ཚིག་མཉན་པར་འོས་པ། ཚིག་གཟུང་བར་འོས་པ། སྙན་པ་སྣ་ཚོགས་ཀྱི་གཏམ་ཅན་དང་། སྤོབས་པ་ཕུན་སུམ་ཚོགས་པར་གྱུར་ཀྱང་དེ་ཟང་ཟིང་གི་སླད་དུ་ཆོས་སྟོན་ཏེ། ཟང་ཟིང་མ་མཆིས་པའི་སེམས་ཀྱིས་མ་ལགས། གང་ལས་དེའི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། བྱད་རྣམས་མཆི་བར་འགྱུར་བ་དེ་དག་ལ་ཆོས་སྟོན་གྱི་སེམས་ཅན་གང་དག་དད་པ་དང་ལྡན་ཞིང་དང་བ་མང་བ། ལེགས་པར་བཤད་པའི་དོན་འཚལ་ནུས་ཤིང་ སྟོབས་དང་ལྡན་པ་ཟང་ཟིང་གིས་དེ་རྗེས་སུ་འཛིན་པར་མི་བགྱིད་པ་དེ་དག་ལ་ཆོས་མི་སྟོན་པ་དང་། གང་དག་དེ་ལ་བགེད་པར་བགྱིད་པ། དམན་པ། དམན་པར་གྱུར་བ། གཏི་མུག་གི་རང་བཞིན་ཅན། ཆོས་རྒྱ་ཆེན་པོའི་སྣོད་དུ་མ་གྱུར་པ་དེ་དག་ལ་ཆོས་སྟོན་པ་དང་། དེ་ཟང་ཟིང་གིས་སྦགས་པའི་རྒྱུད་དེས་གང་དག་ཆོས་བསྟན་པར་བགྱི་བ་མ་ལགས་པ། སྣོད་དུ་མ་གྱུར་པ་དེ་དག་ལ་ཆོས་སྟོན་ཅིང་གང་དག་བསྟན་པར་བགྱི་བ་དེ་དག་ལ་མི་སྟོན་པ་འདི་ནི། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་བརྒྱད་པའོ། ། 9. གཞན་ཡང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་རྒྱང་འཕེན་པ་ཡོངས་སུ་ཚོལ་ཏེ། དེ་གཞན་དག་ལ་ཟབ་མོའི་བཀའ་མཆིད་རྒྱུན་བཀུམ་ནས་འཇིག་རྟེན་རྒྱང་འཕེན་པའི་བཀའ་མཆིད་སྣ་ཚོགས་སྟོན་ཏེ། དེ་ལ་ལེགས་སོ་ལེགས་སོ། ། ཞེས་བགྱི་བའང་སྩོལ་བར་འགྱུར་ལ། དེས་ཀྱང་བྱང་ཆུབ་སེམས་དཔའ་ཡིད་རངས་པར་འགྱུར་བ་དང་། ལྷའི་བུ་གང་དག་སྔོན་སངས་རྒྱུས་མཐོང་བ། ཆོས་ཟབ་མོ་ལ་མོས་པ། ཆོས་མཉན་པའི་ཕྱིར་དེར་འདུས་པར་གྱུར་པ་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡིད་མ་རངས་ནས་གང་འཇིག་རྟེན་གྱི་དགའ་བས་མངོན་པར་དགའ་བའི་སེམས་ཅན་དེ་དག་ལ་ཟབ་མོའི་གཏམ་གྱི་རྒྱུན་བཅད་དེ་འཇིག་རྟེན་རྒྱང་འཕེན་པའི་གཏམ་སྣ་ཚོགས་སྟོན་པའི་རིགས་ཀྱི་བུ་འདི་ནི། དམ་པའི་ཆོས་ནུབ་པར་བྱེད་པ་ཡིན་གྱི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དོན་ཟབ་མོའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་གི འཇིག་རྟེན་རྒྱང་འཕེན་པའི་གཏམ་སྣ་ཚོགས་ཀྱི་ཕྱིར་མ་ཡིན་ནོ། ཞེས་མཆི་ཞིང་འཁོར་དེ་ནས་མཆི་བར་འགྱུར་བ་དེ་ལྟ་བུའི་ཚིག་སྨྲའོ། ། བཅོམ་ལྡན་འདས། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གང་འཇིག་རྟེན་རྒྱུང་འཕེན་པའི་བཀའ་མཆིད་སྣ་ཚོགས་བགྱིད་ཀྱི། ཟབ་མོའི་བཀའ་མཆིད་འཆབ་པ་དེ་ནི ་སངས་རྒྱས་འབྱུང་བ་ནུབ་པར་བགྱི་བའི་སླད་དུ་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས། འདི་ནི། བྱང་ཆུབ་སེམས་དཔའི་བཀའ་མཆིང་ཟབ་མོ་འཆབ་ཅིང་འཇིག་རྟེན་རྒྱང་འཕེན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་དགུ་བའོ། ། 10. གཞན་ཡང་། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལྟར་བཅོས་པ། སྡིག་པའི་གྲོགས་པོ་གང་དག་དེ་ལ་བསྡུ་བའི་དངོས་པོ་རྣམས་ལ་འདུན་པ་ཟློག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལས་འདུན་པ་ཟློག་་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་ཟློག་པ་དང་། བསོད་ནམས་ཀྱི་ཚོགས་ལས་འདུན་པ་ཟློག་པ་དང་། རབ་ཏུ་དབེན་པ་ལ་སྦྱོར་བ་དང་། དོན་ཉུང་ཞིང་བགྱིད་པ་ཉུང་བ་ལ་སྦྱོར་བ་དང་། ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་བཀའ་མཆིད་དེ་ལ་རྒྱུན་དུ་མང་དུ་སྟོན་པ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་བཀའ་མཆིད་དེ་ལ་མི་སྟོན་པ་དག་ལ་བསྙེན་ཅིང་བསྟེན་ཏེ་བསྙེན་པ་བགྱིད་པ་དང་། གང་གི་ཚེ་བྱང་ཆུབ་སེམས་དཔའ་དབེན་པར་གནས་པས་ཐེག་པ་ཆེན་པོ་ལས་ལྡང་བ་དེའི་ཚེ་བྱང་ཆུབ་སེམས་དཔས་གདོན་མི་ཟ་བར་ཞལ་ཏ་བྱེད་པར་བྱའོ། ། ཞེས་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་ལ།. གང་གི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་བ་དེའི་ཚེ་དབེན་པ་ལ་སྦྱོར་ཞིང་མཚན་མ་དང་བཅས་པ་དང་། རྒྱུ་དང་བཅས་པའི་བཟོད་པའི་ས་ཉེ་བར་སྟོན་གྱི། བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་གང་ལགས་པ་དེ་དག་དེ་ལ་མི་སྟོན་ཏོ། །བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་དེ་དག་གང་ལགས་ཤེ་ན། བཅོམ་ལྡན་འདས། བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་ལགས་སོ། །བཅུ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། (1)དད་པའི་རྩ་བ་ལ་རབ་ཏུ་གནས་ཏེ་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་ཅིང་བསྙེན་བཀུར་བགྱིད་པ་དང་། (2)མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་དགེ་བའི་ཆོས་ཅི་ཞེས་ཡོངས་སུ་ཚོལ་བ་དང་། (3)དགེ་བའི་ཆོས་ལ་འདུན་པ་གནས་ཏེ་ཡང་དག་པའི་བརྩོན་པ་མི་འདོར་བ་དང་། (4) བག་མཆིས་པར་ལས་བགྱིད་པ་ཆུད་མི་གཟོན་པ་དང་། (5)བདག་བདེ་བ་ལ་མི་ཆགས་པར་རྟག་པར་རྒྱུན་དུ་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། (6)ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། (7) མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་སླད་དུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། (8)གཟུངས་དང་སྤོབས་པ་རབ་ཏུ་ཐོབ་པར་བགྱི་བའི་སླད་དུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་དང་། (9)སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ས་མི་གོས་པར་བགྱི་བའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་། (10) ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལས་ཤིན་ཏུ་བཟླ་བའི་སླད་དུ་ཐབས་ལ་མཁས་པ་ཡོང་ཚོལ་བ་སྟེ། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་ལགས་ཏེ། གང་དག་ལ་བྱང་ཆུབ་སེམས་དཔས་བསླབ་པར་བགྱི་བ་དེ་དག་དེ་ལ་མི་སྟོན་པ་དང་། དེ་ལ་འདི་སྐད་དུ་བྱུང་ཆུབ་ནི། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པའི་ཡིན་གྱི། ལེ་ལོ་ཅན་གྱི་མ་ཡིན་ནོ། ། གལ་ཏེ་ཁྱོད་བསྐལ་པ་བརྒྱད་དམ་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ས་རྒྱས་ན། ཕྱིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། ། ཞེས་མཆི་ལ། བཅོམ་ལྡན་འདས། དེ་ལ་སོ་སངས་བྱང་ཆུབ་སེམས་དཔའ་གང་སྐྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་པའི་གནས་མཆིས་ན། ། བཅོམ་ལྡན་འདས། འདི་ནི། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་ལྕགས་ཀྱུ་བཅུ་པའོ། ། 11. གཞན་ཡང་། བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། དེ་ང་རྒྱལ་དེས་བླ་མ་རྣམས་དང་། སྦྱིན་གནས་རྣམས་དང་། ཕ་མ་དང་། སློབ་དཔོན་དང་། མཁན་པོ་རྣམས་དང་། དེ་ལས་གཞན་ཡང་བླ་མ་ལྟ་བུའི་གང་ཟག་རྣམས་ལ་ཀུན་ཏུ་འདུད་པ་དང་། འདུད་པ་དང་། རབ་ཏུ་འདུད་པར་མི་བགྱིད་ཅིང་དེ་ལ་མ་གུས་པར་གྱུར་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་མཁས་པ། ཁྱད་པར་ཐོབ་པ། གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ། བྱུང་ཆུབ་སེམས་དཔའི་བགྱི་བ་ཐམས་ཅད་ཚར་ཕྱིན་པ་དེ་དག་གི་གནས་དུ་མི་མཆི། མི་བསྙེན། མི་བསྟེན་། བསྙེན་བཀུར་མི་བགྱིད། ཡོངས་སུ་མི་འདྲི། ཡོངས་སུ་འདྲིར་མི་སྩོལ་ཅིང་དེ་མ་ཐོས་པའི་ཆོས་ཉན་པར་མི་བགྱིད། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་བའི་གང་ཟག་བདུད་ཀྱི་ལྕགས་ཀྱུས་ཟིན་པ། ། ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ་དང་། དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་གྱུར་པ་དང་། དེ་དམན་པ་ལ་སྟེན་ཅིང་ཁྱད་པར་དང་བྲལ་བས་འདི་ལྟ་སྟེ། ཞན་པའི་འགྲོ་བ། བླུན་པ། འོན་པ། ལྐུག་པའི་འགྲོ་བ། འགྲོ་བ་དམན་པ་ཉིད་དུ་མཆི་བར་འགྱུར་རོ། ། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་གྲམ་པའི་ས་ཕྱོགས་སུ་ཤིང་ཙམྤ་ཀ་བསྐྲུན་ལ་ཆབ་སྩོལ་བར་མི་བགྱིད་ཀྱི། གང་ནས་ཚ་བ་མཆི་བར་མཐོང་བའི་ཕྱོགས་དེར་ཡང་གོར་མ་དང་། གྱོ་མོ་དག་གིས་བཀུམ་ན། བཅོམ་ལྡན་འདས། དེ་ལྟར་ན། ཞུགས་ཤིང་ཙམྤ་ཀ་ཆབ་དང་བྲལ་བ་དེ་ལ་ཡལ་གོ་དང་། ལོ་མ་དང་། ཡལ་ག་ཕྲེའུ་མ་ཆགས་པ་རྣམས་ཀྱང་ཆགོས་པར་མི་འགྱུར། ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་ཆགས་པ་རྣམས་ཀྱང་བསྐམས་ཏེ་དོགས་ལ་ལྟུང་བར་འགྱུར་རོ། ། བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གྱིས་རེངས་པར་གྱུར་ན། དེ་དགེ་བའི་བཤེས་གཉེན་དང་ཆོས་མཉན་པ་དང་བྲལ་ཏེ། ་མ་ཐོས་པའི་ཆོས་རྣམས་ཀྱང་མི་ཉན། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མི་བགྱིད་དོ། ། འདི་ལྟ་སྟེ། དཔེར་ན། གང་གི་ཚེ་རྒྱུ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ། ། དེ་གཞོལ་པའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་། ཆབ་མིག་དང་། འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུས་དེར་འབབ་བོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ་བླ་མ་དང་། སྦྱིན་གནས་ལ་གུས་པའང་ཚེགས་ཆུང་ངུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་གྲགས་པར་འགྱུར་རོ། ། དེ་དྲན་པ་ལའང་གནས་པར་འགྱུར་རོ། ། དེ་ལྟ་བས་ན། ། བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས། ང་རྒྱལ་གྱིས་རེངས་པར་གྱུར་ཏེ་བླ་མ་དང་། སྦྱིན་གནས་རྣམས་ལ་ཀུན་ཏུ་མི་འདུད་ཅིང་འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུད་ན། ཀྱེ་མའོ་བྱང་ཆུབ་སེམས་དཔའ་འདི་ནི། བདུད་ཀྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱི་སྟེ། བྱང་ཆུབ་སེམས་དཔའི་ང་རྒྱལ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་བཅུ་གཅིག་པའོ། ། 12. གཞན་ཡང་། བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཛེས་ལ་ཕྱུག་ཅིང་ནོར་ཆེ་བ་བྱེ་བ་དང་། ལོངས་སྤྱོད་ཆེ་བ་ནོར་མང་ལ་མཛོད་དང་བང་བ་མང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ། གཟུགས་དང་། ལོངས་སྤྱོད་དང་། རུས་དང་། རིགས་དང་། ་གཡོག་འཁོར་དང་། བསོད་ནམས་ཀྱི་ཚོགས་ཀྱིས་བརྟན་པར་གྱུར། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཞིང་དེ་གཟུགས་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་གི་སྟོབས་ཀྱིས་རྒྱུགས་ཤིང་བག་མ་མཆིས་པར་གྱུར་ཏེ། བྱུང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ་་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་ལ་བརྩོན་པ། གདུགས་དང་བསེར་མས་ཤ་དང་ཁྲག་བསྐམས་པ། ཆེ་བ། ཉམ་ཆུང་བ། ལུས་རྩྭས་ཡོག་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་རྟག་ཏུ་བརྩོན་པ་དང་ལྡན་པ་དེ་དག་ལ་ཆེ་ཞིང་ཉམ་ཆུང་ལ་མདོག་ངན་ཅིང་མི་སྡུག་པར་རིག་ནས་བརྙས་པར་བྱའོ་སྙམ་དུ་སེམས་ཤིང་།། དེ་དག་ལས་ལེགས་པར་བ་ཤད་པ་ཉན་པར་མི་འཚལ་གྱི། དེ་དེ་བས་ཤས་ཆེར་དམན་ཞིང་ཆེས་ཆུགས་པར་འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའི་རྒྱགས་པ་དང་བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་བཅུ་གཉིས་པའོ། ། བཅུ་གཉིས་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལས་ཤིན་ཏུ་མ་འདས་ན་ཐ་ན་རྗེས་སུ་མཐུན་པའི་བཟོད་པའང་མི་འཐོབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི། གནས་མ་མཆིས་སོ། ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་བདུད་ཀྱི་ལྕགས་ཀྱུ་འདི་དག་ལས་ཤིན་ཏུ་འདའ་བར་བགྱིའོ། ། |
Tibetan Source | 《མདོ་ན་པ་》ཤ་155ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |